མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།


མཚོ་བྱང་གི་ས་གཞི་ཆེན་མོར་དམར་མདངས་བཀྲ་ཞིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་དགའ་སྤྲོའི་རྣམ་པས་ཁེངས། ཟླ8པའི་ཚེས3ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ནུབ་མཚོ་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས་པ། 



   ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་དང་། ཚོགས་གཙོ་གཞོན་པའམ་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ལྷན་ཁྲིམས་དོན་གྲོས་གཞི་ཁང་གི་ཀྲུའུ་རིན་ཕིང་ཅན་ཧྭ། ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཚོགས་གཙོ་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་གོ ཚོགས་གཙོ་གཞོན་པའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན། ཚོགས་གཙོ་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན། ཚོགས་གཙོ་གཞོན་པའམ་ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱང་ཁོ་ཞང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝུའུ་ཞང་ཕིང་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཏང་ཙུའུ་ཡི་ཁོངས་མིའམ་ཅུས་ཀྲང་གཞོན་པ་ལིག་ཅིན། ཧྲན་ཏུང་ཞིང་ཆེན་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཧྲིན་ཀྲང་གཞོན་པ་ཀྲིག་ལིས་ཝེ་བཅས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། 



ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་ཡིས་གསུང་བཤད་གནང་བཞིན་པ།



ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་བཞིན་པ།



   ▲ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མཐུན་སྦྱོར་སྐུལ་འདེད་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧའེ་ཆིན་གྱིས《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན》སྒྲོག་འདོན་གནང་བཞིན་པ།


   ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི།  ཀྲུའུ་རིན་ཝུའུ་ཏི་ཅུན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།  མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་རྟེན་འབྲེལ་ཞུ་འཕྲིན》སྒྲོག་འདོན་གནང་བཞིན་པ། 

  

   ▲ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཧྲིན་ཀྲང་གཞོན་པ་ཀྲིག་ལིས་ཝེ་ཡིས《ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྟེན་འབྲེལ་ཞུ་འཕྲིན》སྒྲོག་འདོན་གནང་བཞིན་པ།      

 

   མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་བཞིན་པ།


   ▲མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་འབྲེལ་རྟེན་འབྲེལ་གློག་འཕྲིན་དང་རྟེན་འབྲེལ་ཞུ་འཕྲིན་སྐུར་བའི་ས་གནས་དང་ལས་ཁུངས་སྒྲོག་འདོན་གནང་བཞིན་པ། 

   ཆིན་དབྱི་ཀྲི་དང་མགོན་པོ་བཀྲ་ཤིས་གཉིས་ཀྱིས་སོ་སོར་གསུང་བཤད་གནང་བ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་མཐུན་སྦྱོར་སྐུལ་འདེད་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧའེ་ཆིན་གྱིས《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན》སྒྲོག་འདོན་གནང་། ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི།  ཀྲུའུ་རིན་ཝུའུ་ཏི་ཅུན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།  མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་རྟེན་འབྲེལ་ཞུ་འཕྲིན》སྒྲོག་འདོན་གནང་། ཀྲིག་ལིས་ཝེ་ཡིས《ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྟེན་འབྲེལ་ཞུ་འཕྲིན》སྒྲོག་འདོན་གནང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་ལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་འབྲེལ་རྟེན་འབྲེལ་གློག་འཕྲིན་དང་རྟེན་འབྲེལ་ཞུ་འཕྲིན་སྐུར་བའི་ས་གནས་དང་ལས་ཁུངས་སྒྲོག་འདོན་གནང་། 



   སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་། རྟེན་འབྲེལ་ཚོགས་ཆེན་དངོས་སུ་མགོ་བརྩམས་ཤིང་། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མཚོ་བྱང་ཁུལ་གྱི་ལོ་འཁོར70ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རིགས་སོ་སོའི་བུ་བུ་མོ་ཚོས་དྲིན་དྲན་ཡར་བརྩོན་བྱེད་པའི་སྣང་བརྙན་མངོན་པའི་རུ་དཔུང་དག་རིམ་པ་བཞིན་ཚོགས་རར་ཞུགས། མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་གླུ་ལེན་གར་འཁྲབ་བྱས་ཏེ་ཏང་དང་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཡོངས་མི་དམངས་དང་སྤྱི་ཚོགས་ལས་རིགས་སོ་སོར་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་མཚོན་པར་བྱས། རུ་དཔུང་སོ་སོ་ཚོགས་རར་འཛུལ་རྗེས། ཤོག་སྦག70ཡིས་མདུན་བསུས་པ་དང་། རྒྱལ་དར་སྲུང་སྐྱོབ་རུ་དཔུང་གིས་རྒྱལ་དར་བསྒྲེངས་སའི་སྟེགས་བུའི་ཐོག་རྒྱལ་དར་སྲུང་སྐྱེལ་བྱས་པ་དང་ཚོགས་ར་ཡོངས་ཀྱིས་གུས་སྟབས་ཀྱིས་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་དལ་གྱིས་བསྒྲེངས། 



   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཆིན་དབྱི་ཀྲི་ཡིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚབ་བྱས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། ཁུལ་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ལོ་འཁོར70རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་མཚོ་བྱང་ཁུལ་བཙུགས་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་གཏོང་བའི་རྩ་བའི་འགན་ལེན་དང་། མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ཡང་དག་ལ་དགེ་མཚན་ཚད་མེད་ལྡན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་བསྟུན་མཁས་རང་བཞིན་དང་གོང་བུ་སྒྲིལ་ཤུགས་ཆེན་པོ་ལྡན་པ་བཅས་ཀྱི་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས། ཁོང་གིས་མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་བྱ་བ་སོ་སོའི་གཙོ་རྐང་དུ་བརྩིས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་ཁུལ་གྱི་བྱ་གཞག་སོ་སོ་སྔར་བས་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ལ། མཚོ་བྱང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་བྱ་བ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དཔེ་སྟོན་ཡག་པོ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།  “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཡང་བསྐྱར་མཚོ་བྱང་གི་འོད་སྟོང་གསར་པ་བཏོད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་མཚོ་བྱང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་བའི་རེ་བ་ཡོད་པར་བཤད།   

 

   མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་ཞུས་ཏེ་ཀྲུང་དབྱང་རྟེན་འབྲེལ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པར་མ་ཟད། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས། བཅའ་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག དེ་བཞིན་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ། གདན་ཞུ་ལྟར་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་ཧྲན་ཏུང་ཞིང་ཆེན་འཐུས་ཚབ་ཚོགས་པ་དང་དེ་བཞིན་ས་གནས་སོ་སོའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་བྱམས་བརྩེའི་འཚམས་འདྲི་ཞུས། ལོ་ངོ70རིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཉི་ཟེར་འོག་མཚོ་བྱང་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་བླངས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། སྐྱེ་ཁམས་དཔལ་ཡོན་སྤྱི་ཡོངས་ཡར་རྒྱས། མི་རིགས་མཐུན་སྒྲིལ་ཡར་ངོའི་ཟླ་ལྟར་འཕེལ་བ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁུལ་ཡོངས་ཀྱི་བྱ་བའི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས། “གཏན་འཁེལ་གཉིས”ལ་བརྩི་སྲུང་དང “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ལ་དམིགས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་བཙུགས་ཏེ་མཚོ་བྱང་གི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་བྱང་གི་སྣང་བརྙན་གསར་པ་གཏོད་དགོས།  བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཟབ་ཏུ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་ཡག་པོར་སྒྲུབ་པ་དང་དམངས་འཚོའི་མཐའ་ཚད་བརྟན་པོར་བཟོས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་མཚོ་བྱང་གི་བྱ་བ་སོ་སོའི་གཙོ་རྐང་དུ་བརྩིས་ནས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དེ་ཉིད་མཚོ་བྱང་གི་བྱ་གཞག་སོ་སོ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཏུ་འགྱུར་བར་བྱེད་དགོས་པར་བསྟན།    



ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་ནས་ལོ་འཁོར70ཡི་རྒྱང་སྐྱོད་ལམ་བུར་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཉི་ཟེར་འོག་མཚོ་བྱང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་བྱང་ཁུལ་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་བརྒྱུད་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མུ་མཐུད་འབད་འཐབ་དང་འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་རྒྱུན་ཁྲོད་མདུན་སྐྱོད་བྱས་ཤིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་མདུན་སྐྱོད་ཧུར་ཐག་བྱས་པས་བྱ་གཞག་སོ་སོ་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་ཕྱིན་ཡོད།  དེ་དག་ཚང་མ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད། སྐབས་རིམ་བྱུང་གི་མགོ་ཁྲིད་ཚན་ཁག་གིས་མུ་མཐུད་འབད་འཐབ། གོང་རིམ་སྡེ་ཁག་དང་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱིས་ཤུགས་ཆེའི་རྒྱབ་སྐྱོར། ཧྲན་ཏུང་གི་རོགས་སྐྲུན་ས་ཁུལ་དང་ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་ཤུགས་ཆེན། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་ལས་གཏོད་བཅས་ལས་བྱུང་བ་ང་ཚོས་གསལ་པོར་ཤེས་ལ། ང་ཚོས་ནམ་ཡང་བཀའ་དྲིན་འདི་དག་སེམས་ལ་བཅངས་ཡོད།  ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གཙོ་གནད་དུ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་མཚོ་བྱང་གི་བྱས་རྗེས་མངོན་པ་དང་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་བཤད། 



   ཚོགས་རར་བསྐྱོད་པའི་མཛད་སྒོ་མཇུག་སྒྲིལ་རྗེས་ཚོགས་ཞུགས་མགོ་ཁྲིད་སྐུ་མགྲོན་དང་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་སྐྱ་རྩལ་ངོམ་པ་དང《བདེ་སྐྱིད་ལྡན་པའི་མཚོ་བྱང་གིས་དར་རྒྱས་བསུ་བ་བྱེད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།    



   རྟེན་འབྲེལ་ཚོགས་ཆེན་ཧྲིལ་པོར་བབ་བརླིང་ལྡན་ལ་སྤྲོ་སེམས་འཁོལ་བའི་ཐོག་ནས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་སྣང་བརྙན་གང་ལེགས་མངོན་ཡོད།    
 


   ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་། ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་ཁག་ཅིག ཁེ་ལས་དང་དོན་ལས་ལས་ཁུངས། མཐོ་རིམ་སློབ་གྲྭ དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འགན་འཁུར་བློ་མཐུན། ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ལས་ཁུངས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམིགས་བསལ་གདན་ཞུ་བྱས་པའི་ལས་ཁུངས་ཀྱི་མགོ་ཁྲིད། ཁྱིམ་མཚེས་ས་ཁུལ་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད། ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་འཛུགས་སྐྲུན་པ། ཁུལ་དུ་བཅའ་སྡོད་བྱས་པའི་དམག་དཔུང་། གསར་འགྱུར་ལས་རིགས། རིག་རྩལ་ལས་རིགས་དང་ཁེ་ལས་ཀྱི་མི་སྣ་གྲགས་ཅན། ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་འཐུས་མི་དང་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བཅས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号