ཁྲག་སྨན་བདུན་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

ཁྲག་སྨན་བདུན་པ།

འབྲི་མོག་སྲང་དོ།  ཅོང་ཞི་ཚ་འདུལ་སྲང་གང་ཞོ་ལྔ།  སྐྱུ་རུ་སྲང་གང་ཞོ་བདུན། ཨ་རུ་སྲང་གང་ཞོ་གཉིས། རུ་རྟ་ཞོ་བརྒྱད། ཤིང་མངར་ཞོ་བདུན།  བ་ཤ་ཀ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ། 

ཕན་ནུས།

ཁྲག་སྨན་བདུན་པ་བཟི་མེད་ཅུང་ཟད་བསིལ།  སྨུག་པོའི་ཁྲག་རྒྱས་སྟོད་བརྒྱངས་མིག་སྤྲིན་དམར།  ཡང་ན་སྨུག་པོའི་ཁྲག་ངན་གློར་བྱེར་བས།  གློ་མང་ལུད་པ་དམར་སྨུག་ལུས་སྟོད་ལྕི།  སྐད་འགག་གྲེ་བ་ཚ་ལ་བྲང་ཁོག་བསྡམས།  ཚད་མཇུག་གློ་བར་བབས་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号