ལུས་པོར་བརྟག་དཔྱད་བྱེད་དུས་འདི་དག་ལ་དོ་སྣང་བྱ་དགོས།

དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། འོ་ན། ལུས་པོར་བརྟག་དཔྱད་བྱེད་སྐབས་གྲ་སྒྲིག་དང་ཡང་ན་དོ་སྣང་བྱེད་དགོས་པ་གང་དག་ཡོད་ཅེ་ན།

ལུས་པོར་བརྟག་དཔྱད་བྱེད་པ་དེ་ནི་ལུས་པོའི་བདེ་ཐང་གི་གནས་ཚུལ་དངོས་ཤེས་རྟོགས་ཐུབ་པའི་ཆེད་དུ་རེད། ལུས་པོར་བརྟག་དཔྱད་མ་བྱས་གོང་གི་གཟའ་འཁོར་གཅིག་ནས་གཉིས་བར། རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ལ་ཆེད་དུ་འགྱུར་བ་གཏོང་དགོས་མེད། གལ་སྲིད། འཚོ་བའི་གོམས་གཤིས་ལ་འགྱུར་བ་མ་བཏང་བར་ལུས་པོར་བརྟག་དཔྱད་བྱས་པ་ཡིན་ན། བརྟག་དཔྱད་བྱས་འབྲས་དེ་མིག་སྔའི་གནས་ཚུལ་མཚོན་ཚུལ་ཙམ་ལས་ལུས་པོའི་རྒྱུན་ལྡན་གྱི་བདེ་ཐང་དངོས་ཡིན་མི་སྲིད། ལུས་པོར་བརྟག་དཔྱད་མ་བྱས་པའི་ཉིན་གཉིས་ནས་གསུམ་གྱི་སྔོན་དུ་བཟའ་བཏུང་ཐད་ཞག་ཚིལ་ཉུང་ཙམ་དང་། ཆང་རག་མི་འཐུང་བ་དང་ཐ་མག་མི་འཐེན་པ། ངལ་གསོ་ཡག་པོ་བྱེད་པ། མཚན་མི་སྐྱེལ་བ་སོགས་བྱེད་དགོས་པ་དང་། ལྷག་པར་ལུས་པོར་བརྟག་དཔྱད་མ་བྱས་གོང་གི་ཉིན་དེར་ལུས་སྦྱོང་ཚད་ལས་བརྒལ་བ་དང་ངལ་རྩོལ་ཚད་ལས་བརྒལ་བ་བྱེད་མི་རུང་། ད་དུང་ཉིན་དེའི་དགོང་མོའི་དུས་ཚོད་བཅུ་པ་ནས་ཕྱི་ཉིན་ཐོ་རེངས་བར་དུ་ཟ་མ་བཟའ་མི་རུང་བ་དང་། ཆུ་ཡང་མང་པོ་འཐུང་མི་རུང་། ཁྲག་ཤེད་མཐོ་བའི་ནད་པ་དང་སྙིང་ནད་ཡོད་པའི་ནད་པ་སོགས་ཀྱིས་རྒྱུན་ལྡན་ལྟར་སྨན་འཐུང་ཆོག གཞན་ཡང་། ལུས་པོའི་བརྟག་དཔྱད་ཁ་ཤས་ལ་འཛེམ་བྱ་ཡོད་པས་སྔོན་ནས་རྒྱུས་ལོན་གསལ་པོ་བྱ་དགོས། དཔེར་ན། ཕྲུ་གུར་ནུ་མ་སྣུན་བཞིན་པའི་བུད་མེད་དང་། ཕྲུ་གུ་བཙའ་གྲབས་ཡོད་པའི་བུད་མེད་ཀྱིས་འགྱེད་འཕྲོ་རང་བཞིན་གྱི་བརྟག་དཔྱད་བྱེད་མི་རུང་ལ། ཟླ་མཚན་འབབ་པའི་བུད་མེད་ཀྱིས་གཅིན་པའི་མ་དཔེ་འཇོག་པ་དང་མོ་ནད་བརྟག་དཔྱད་སོགས་ཀྱང་བྱེད་མི་རུང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号