རབ་མཛེས་གྲོང་ཚོ་འཛུགས་སྐྲུན་བྱས་ནས་སྡོད་ལ་འཚམ་པའི་འཚོ་བ་ལོངས་སུ་སྤྱོད་པ།

དགའ་སྤྲོ་ལྡན་པའི་ལྗང་གྲོང་ཚོའི་རྒན་མོ་གཉིས།

འདི་ནི་གྲལ་འགྲིག་པའི་ལྗང་གྲོང་ཚོའི་སྡོད་ཁང་ཡིན།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས་མི་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དམངས་སེམས་རྣམ་གྲངས་ཞིག་ཏུ་རྩིས་ནས། རྒྱུན་མཐུད་ངང་མ་དངུལ་དང་སྐུལ་འདེད་གཏོང་བའི་ཕྱོགས་ལ་ཤུགས་བརྒྱབ་པ་དང་། མ་དངུལ་སྒོར་ཁྲི4400བཏང་ནས“ལྗང་གྲོང་ཚོའི་རབ་མཛེས་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས”ལག་བསྟར་བྱས། དེ་ནང་རྫོང་རིམ་པས་མ་དངུལ་སྒོར་ཁྲི2300བཏང་ནས་གཙོ་བོ་ཆུ་འབུད་འཛུགས་སྐྲུན་དང་རིག་གནས་ཐང་ཆེན་འཛུགས་སྐྲུན། བཙོག་ཆུ་གཙང་སེལ་བཟོ་གྲྭ་འཛུགས་སྐྲུན་ཐད་སྤྱོད་པ་རེད། ཡང་མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི1300བསྡུས་ནས་གཙོ་བོ་རང་ཁྱིམ་གྱི་ར་སྐོར་ནང་གི་ཇ་ཁང་དང་གསང་སྤྱོད་ཁང་ལེགས་བཅོས། ཁང་བའི་མདུན་རྒྱབ་ཀྱི་ལྗང་སྒྱུར། ས་ཞིང་སྙོམས་པའི་ཕྱོགས་ལ་སྤྱོད་པ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱིས་མ་དངུལ་སྒོར་ཁྲི700བཏང་ནས་གྲོང་ཚོ་དང་ཁྱབ་ཁོངས་ནང་གི་རྒྱལ་ལམ་འགྲམ་རྒྱུད་ཀྱི་ལྗང་སྒྱུར་དང་རླངས་འཁོར་འདུག་ས། ཨར་འདམ་ལམ་འཛུགས་སྐྲུན་ཐད་སྤྱོད་པ་རེད།

ད་ལྟ། གནམ་ཤང་ལྗང་གྲོང་ཚོ་རུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་གཞུང་ལམ་ནང་གི་ཉི་ནུས་གློག་སྒྲོན་དང་ཆུ་འབུད་སྦུབས་ལམ། གད་སྙིགས་དབྱེ་འབྱེད་སྒམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཡིན། ཁ་མདོག་སྣ་ཚོགས་ཅན་གྱི་རིག་གནས་གྱང་ངོས་ཀྱིས་མིའི་ཡིད་སེམས་འགུགས་པ་དང་། གྲོང་མི་ཚོའི་གདོང་དུ་བདེ་སྐྱིད་ལྡན་པའི་འཛུམ་གྱིས་ཁེངས་ནས། བདེ་སྡོད་ལས་བརྩོན་གྱི་གྲོང་གསེབ་རི་མོ་ཞིག་ངང་གིས་གྲུབ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号