བོད་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་ཆེན་སློབ་མའི་ལས་གཏོད་ལ་སྐུལ་འདེད་བྱས།

མཐོ་སྒང་དུ་དབྱར་གཞུང་ཐོན་པ་དང་བསྟུན་ལོ་རེའི་མཐར་ཕྱིན་དུས་ཚིགས་ཀྱང་སླེབས་པ་རེད། གསར་འགོད་པ་བོད་ལྗོངས་ཀྱི་ལས་གཏོད་ལས་སྐྲུན་སྟེགས་བུ་འགའ་རུ་བཅར་འདྲི་རུ་བསྐྱོད་པ་ན། ལས་གཏོད་བྱེད་མཁན་ཚོ་རང་གི་ལས་ལ་བྲེལ་བ་དང་ལས་སྐྲུན་ཁང་དུ་ཁང་བ་ལྷག་མ་གཅིག་ཀྱང་རྙེད་དཀའ་བ་མཐོང་། ལས་ཞུགས་ཐབས་ལམ་དང་བགྲོད་ལམ་ཉིན་བཞིན་སྣ་མང་ཅན་དུ་གྱུར་བས་བོད་ལྗོངས་ཀྱི་སློབ་ཆེན་སློབ་མ་སྔར་ལས་མང་བ་ལས་གཏོད་ཀྱི“འགྲན་ལམ”ནང་ཞུགས་པ་རེད།

ཐུམ་རྒྱག་པ་དང་། སྒམ་ནང་འཇུག་པ། ཚོང་ཟོག་གཏོང་བ་བཅས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལས་གཏོད་ལས་སྐྲུན་རྟེན་གཞི8848ལས་གཏོད་གླིང་དུ་བོད་ཀྱི་ན་གཞོན་བློ་ལྷ་ཡིས་རང་གི་ལས་བྲེལ་བཞིན་ཡོད། ཧྲང་ཧུའེ་རྣམ་གྲངས་ལག་རྩལ་སློབ་ཆེན་ནས་མཐར་ཕྱིན་པའི་ཁོ་ནི“མཐར་ཕྱིན་མ་ཐག་ཏུ་ལས་གཏོད་བྱས་པའི”འཐུས་ཚབ་ཡིན།

བློ་ལྷ(གཡས)ཡིས་རང་གི་ཀུང་སི་ནང་དུ་དབྱར་རྩྭ་དགུན་འབུ་བདག་བྱེད་བཞིན་པ།

བློ་ལྷའི་ཕ་ཡུལ་ནི་ནག་ཆུ་འབྲི་རུ་རྫོང་ཡིན་ཞིང་ཆ་སྙོམས་ས་བབ་སྨི4000ཡན་ཟིན་པས་དབྱར་རྩྭ་དགུན་འབུ་ཡི་ཐོན་སྐྱེད་ཁུལ་གཙོ་བོའི་གྲས་ཡིན། “སློབ་ཆེན་འགྲིམ་དུས་ངས་ཚོང་ཁང་གི་ཟོང་སྒྲོམ་སྟེང་དུ་དབྱར་རྩྭ་དགུན་འབུ་མཚོང་དུས་མཉམ་བཞག་པ་ཡིན”ཞེས་བློ་ལྷ་ཡིས་ཁྲོམ་རའི་གནས་ཚུལ་དང་དགེ་རྒན་གྱི་རྒྱབ་སྐྱོར་འོག་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུ་སྤུས་ལེགས་ཧྲང་ཧུའེ་རུ་འོས་སྦྱོར་བྱས་པས་ལས་གཏོད་ཀྱི་ཡོང་འབབ་དང་པོ་ཐོབ།

མཐར་ཕྱིན་རྗེས། བློ་ལྷ་ཕྱིར་བོད་ལྗོངས་སུ་ཡོང་ནས་ལས་གཏོད་བྱས་པ་རེད། ཁོས“ངས་ལས་གཏོད་བྱེད་པའི་འདུན་པ་ནི་དེ་འདྲའི་རྙོང་འཛིང་མིན། རང་གི་ཧུར་ཐག་ལ་བརྟེན་ནས་བོད་ལྗོངས་འབྲོག་ཁུལ་ཀྱི་སྐྱེ་ཁམས་ལྗང་མདོག་ཐོན་རྫས་མཐོ་སྒང་ལས་ཕྱིར་བསྐྱོད་པ་དེ་ཡིན”ཟེར། ཉེ་བའི་ལོ་ཤས་རིང་། བློ་ལྷ་ཡིས་སྲོལ་རྒྱུན་གྱི་ཕྱིར་འཚོང་གཉེར་བ་མ་གཏོགས་གློག་ཚོང་ཐད་གཏོང་བརྒྱུད་དེ་ཁོང་གི་དབྱར་རྩྭ་དགུན་འབུ་ཐོན་ལས་དང་ཐད་གཏོང་རྟེན་གཞི་ཡིས་གྲོང་ཚོ་ནང་གི་རོང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས། ཡང་ཁོས“ན་ནིང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི3000ཟིན་པ་དང་། ད་ལོའི་ཟླ5བའི་ཚེས15སླེབས་པའི་ཚུན་སྒོར་ཁྲི800ལས་བརྒལ་བ་ཡིན”ཟེར། 

བློ་ལྷའི་ཆུང་མ་ཚེ་རིང་པད་སྐྱིད་ཀྱིས་ཐད་གཏོང་བྱེད་བཞིན་པ།

ལས་གཏོད་ལས་སྤེལ་འགྲན་བསྡུར་ཁྲོད་མ་རྐང་ནང་འདྲེན་བྱས་ནས་སྤུས་ལེགས་ལས་གཏོད་པར་ནུས་མཐོའི་དངུལ་བསྲེས་བགྲོད་ལམ་མཁོ་འདོན་བྱེད་པ་དང་། ལས་གཏོད་གསོ་སྦྱོང་ལས་གཞི་ཐོག་ཆེད་མཁས་ལས་གཏོད་གསོ་སྐྱོང་པ་གདན་འདྲེན་ཞུས་ནས་རིན་མེད་སྒོས་སློབ་ཆེན་སློབ་མའི་སྣེ་ཁྲིད་དེ་ཚོང་ལས་ཇུས་འགོད་དང་ཁྲོམ་རར་བརྟག་དཔྱད། དཔེ་དབྱིབས་ཚོང་གཉེར་བྱས། ཡང་སྣེ་ཁྲིད་སྲིད་ཇུས་བཟང་བོ་དང“ལས་གཡོག་རང་བཞིན”གྱི་ལས་གཏོད་གསབ་ཁྲིད་ཀྱིས་བོད་ལྗོངས་དེ་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ས་ཞིང་ལྟ་བུར་གྱུར།

ལྷ་ས་གྲོང་ཁྱེར་གྱི་འཛམ་གླིང་སྣེ་གསུམ་པའི་ལས་གཏོད་བར་གསེང་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་ལས་སྐྲུན་སྟེགས་བུ་ཐོག་མ་ཡིན་ཞིང་། བར་གསེང་འཁོར་བསྐྱོད་སྤྱི་ཁྱབ་ལྟ་ཞིབ་པ་བཀྲ་ཤིས་རྒྱ་མཚོས་ངོ་སྤྲོད་ལྟར་ན། མིག་སྔར་ཟླ་རེར་ཆ་སྙོམས་སློབ་ཆེན་སློབ་མ་བརྒྱད་བརྒྱ་ལྷག་གིས་ལས་གཏོད་སྐོར་བློ་འདྲི་བྱེད་བཞིན་ཡོད། “སློབ་མ་མང་པོས་སློབ་ཆེན་སྐབས་ཞོར་ཞས་གཉེར་མྱོང་བས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པ་དང་། རྟེན་གཞི་ནང་ཡོང་དུས་རང་ལི་བསམ་ཚུལ་ཆགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་སློབ་མཐོའི་མཐར་ཕྱིན་སློབ་མ་ལས་ཞུགས་ལསགཏོད་ཚིགས་གཅིག་རང་བཞིན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཆོས་འཕེལ་གྱིས་དེ་ལྟར་བཤད། བོད་ལྗོངས་ཀྱི་སློབ་མཐོའི་མཐར་ཕྱིན་སློབ་མ་ལས་གཏོད་ཀྱི་དཔུང་ཁག་ནང་ཞུགས་བཞིན་ཡོད།

སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས། ཕ་ཡུལ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཡིན་པའི་ལྷག་པ་བསྟན་འཛིན་སྔོན་ཆད་ཧྲང་ཧུའེ་ཡི་ཚོང་ཁང་ཞིག་ནས་ལས་གཉེར་དང་སློབ་སྦྱོང་བྱས་མྱོང་། “ཚོང་ཁང་ནང་གི་ལས་སྒོ་སྣ་མང་ཡིན་ལ། དར་ཁྱབ་ཆེ་བའི་གྱོན་ཆས་དང་ཁའོ་ཧྥེ་སོགས་ཡོད། ངས་ཀྱང་ཆེས་མདུན་ཕྱོགས་ཀྱི་ལས་གཏོད་འདུ་ཤེས་སློབ་ཐུབ་པ་བྱུང”ཟེར། ན་ནིང་གི་ཟླ3པར་ཁོ་རང་ལྷ་སར་ལོག་ནས་ཁའོ་ཧྥེ་མིང་རྟགས་མཚོན་བྱེད་འཆར་འགོད་མགོ་བརྩམས། གསར་འཆར་དེ་འཛམ་གླིང་སྣེ་གསུམ་པའི་ལས་གཏོད་བར་གསེང་གི་རི་རྒྱུད་ལས་གཏོད་ཁའོ་ཧྥེ་ཚོང་ཁང་ནང་མངོན་འགྱུར་བྱུང་།

ལྷག་པ་བསྟན་འཛིན་གྱིས་ཚོང་ཁང་ནང་ནས་ཁའོ་ཧྥེ་ལས་བཞིན་པ།

རྒྱུས་ལོན་ལྟར་ན། 2018ལོར་འཁོར་བསྐྱོད་བྱས་པའི་ཚུན། ལྷ་ས་གྲོང་ཁྱེར་འཛམ་གླིང་སྣེ་གསུམ་པའི་ལས་གཏོད་བར་གསེང་གིས་ཁེ་ལས134ལས་གཏོད་གསོ་སྦྱོང་བྱས་པ་དང་། དེ་ནང་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་གསར་སྐྲུན་མིང་རྟགས། ཟས་རིགས་ཁའོ་ཧྥེ་སོགས་འདུས། སློབ་ཆེན་སློབ་མ་ཚོས་ཀྱང་ཚོང་ལས་འདུ་ཤེས་དང་བོད་ལྗོངས་ཀྱི་ཁྱད་ལྡན་དང་འཛད་སྤྱོད་དགོས་མཁོ་དང་འདྲེལ་བ་ཟབ་མོ་བཙུགས་ནས་ལས་གཏོད་གསར་དུ་གཏོང་བཞིན་ཡོད།

ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བྱས་པས། སློབ་ཆེན་སློབ་མ་སྔར་ལས་མང་བོའི་རེ་འདུན་ལག་ལེན་ཁྲོད་མངོན་འགྱུར་བྱུང་། “ལོ་འདི་གཉིས་ལ་མི་སྔར་ལས་མང་བོའི་ང་ལ་ལས་གཏོད་སྐོར་གྱི་དྲི་བ་ཞིབ་ཕྲ་འདྲི་བ་དང་། བྱེ་བྲག་གི་བསམ་ཚུལ་ཡོད་པའི་རིགས་ལ་ང་ཚོས་མཉམ་དུ་ལས་གཞི་ལག་བསྟར་སྲིད་པའི་སྐོར་ཞིབ་འཇུག་བྱེད་བཞིན་ཡོད”ཅེས་བློ་ལྷ་ཡིས་ངོ་སྤྲོད་བྱས། ཡང་ཁོས་སྲིད་གཞུང་གིས་ལས་གཏོད་ཐོག་མར་རོགས་རམ་མང་པོ་བྱས་ནས་སྒོར་ཁྲི6གི་སློབ་ཆེན་སློབ་མའི་ལས་གཏོད་མ་དངུལ་དང་། སྒོར་ཁྲི30སློབ་ཆེན་སློབ་མའི་ལས་གཏོད་སྐྱེད་ཀ་མེད་པའི་དངུལ་བུན་བླངས་ཆོག “སྤྱི་ཚོགས་ལ་དྲིན་ལན་འཇལ་བ་ནི་ངས་ལས་གཏོད་བྱེད་པའི་དམིགས་ཡུལ་ཡིན”ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号