མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་དར་སྤེལ་དང་དམངས་ཆེན་འཐུས་མིའི་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཟླ9བའི་ཚེས29ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་དང་དམངས་ཆེན་འཐུས་མིའི་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

རྟོག་ཞིབ་ཚན་ཆུང་གྲོང་གསེབ་དར་སྤེལ་ཀྱི་འབྲེལ་གཏུག་ས་ཚིགས་ཏེ་གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོ་གཡོན་རུ་སྡེ་བར་བསྐྱོད་དེ་གནས་སྤོར་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི“རྗེས་མའི་བྱ་བ”དང་སྦྲེལ་མཐུད་ཡག་པོ་བྱེད་པ། ལྟ་ཞིབ་ཚད་ལེན་བྱ་ཡུལ་ཡང་བསྐྱར་དབུལ་པོར་འགྱུར་བའི་ཉེན་ཁ་གནད་སྨིན་དབྱེ་ཞིབ་དང་ཐག་གཅོད་བྱས་ནས་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་པོར་འགྱུར་བའི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་དགོས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

རྟོག་ཞིབ་ཚན་ཆུང་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་སྲིན་པོ་ལམ་སྡེ་ཁུལ་དམངས་ཆེན་འཐུས་མིའི་བྱེད་སྒོ་ཁང་དུ་བསྐྱོད་དེ“ཁང་བ་གཅིག་དང་ལས་སྟེགས་གཅིག” འཛུགས་སྐྲུན་དང་བཀོལ་སྤྱོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད། ས་གནས་དེ་གའི་ཏང་སྲིད་ལས་བྱེད་པ་དང་དམངས་ཆེན་འཐུས་མི་དང་བསམ་ཚུལ་བརྗེ་རེས་བྱས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་འཐུས་མིས་ནུས་པ་འདོན་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་གཏུགས་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བྱེད་པ་དང་འབྲེལ་གཏུག་དྲུག་གི་ལམ་ལུགས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་དམངས་ཆེན་འཐུས་མིའི་བྱ་བ་རྒྱུན་མཐུད་ངང་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་དགོས། འཐུས་མིས་འགན་ནུས་སྒྲུབ་པའི་གཡུལ་ས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ་དང་། དམངས་ཆེན་གྱི་གཙོ་གནད་བྱ་བར་དམིགས་ནས་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱི་བསམ་དོན་དང་རེ་སྒུག་གང་བྱེད་ཚང་མ་འབྲེལ་ཡོད་གྲོས་གཞི་དང་གྲོས་ཞིབ་གཏམ་བཤད་ཁྲོད་ནས་མཚོན་པར་བྱས་ཏེ“དམངས་ལ་རེ་འབོད་ཡོད་ན་ཨ་ལན་སྟེར་རྒྱུ”དངོས་གནས་སྒྲུབ་ཐུབ་པ་བྱེད་དགོས། འཐུས་མིར་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཐུས་མི“ཁང་བ་གཉིས”སུ་སྐྱོད་པའི་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཐུས་མིའི་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་སྔར་ལས་འགན་ལེན་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号