མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་ངལ་རྩོལ་དཔེ་བཟང་ཅན་ལ་འཚམས་འདྲི་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་འདིར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགོ་ཁྲིད་ཁོངས་མི་གཞི་རིམ་དུ་ཟབ་ཞུགས་བྱས་པ་དང་། རང་ཞིང་གི་ལས་རིགས་སོ་སོའི་རྒྱལ་ཡོངས་དང་། ཞིང་ཆེན་དང་པུའུ་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས།

ཏང་དང་རྒྱལ་ཁབ་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ་བ་དང་། རླབས་ཆེན་གྱི་གཟི་བརྗིད་མཉམ་སྤྱོད་བྱེད་པ། བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མཉམ་དུ་གཏོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རེབ་འདིའི་ངལ་རྩོལ་དཔེ་ལེགས་ཅན་ལ་འཚམས་འདྲི་བྱེད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་། ལོ75ཡན་གྱི་ཞིང་ཆེན་དང་པུའུ་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་སྒྲུབ་མི་སྣ862ལ་འཚམས་འདྲི་བྱས་པ་དང་། འཚམས་འདྲིའི་མ་དངུལ་སྒོར་འབུམ7དང་ཁྲི8སྤྲད་པ་རེད།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཚན་ཁག་གི་ཁོངས་མི་དག་ཁེ་ལས་དང་འཁོར་ཁང་། ཚན་ཁག་བཅས་སུ་བསྐྱོད་དེ་ངལ་རྩོལ་དཔེ་ལེགས་ཅན་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་བ་དང་འཚོ་བའི་གནས་ཚུལ་འདྲི་རྩད་དང་། ངལ་རྩོལ་དཔེ་ལེགས་ཅན་ཚོས་བཟོ་ཚོགས་ཀྱི་བྱ་བར་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད། ཚང་མས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཚང་མས་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་སྐུལ་ལྕག་གནང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དུས་མཉམ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཅེས་སྐྱོང་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་སྐྱིད་དེ་ངལ་རྩོལ་དཔེ་ལེགས་ཅན་གྱི་གམ་དུ་བསྐྱལ་ཏེ། སྤྱི་ཚོགས་ཡོངས་སུ་སྤྱོད་ཡོན་གཉིས་ལྡན་ལ་རྗེས་སུ་ཡི་རང་དང་། ངལ་རྩོལ་ལ་བརྩི་མཐོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་དར་སྲོལ་བཟང་པོ་ཆགས་པར་སྐུལ་སློང་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号