མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་ཕྱིར་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཀྱི་ཚན་རིག་བརྡར་གཅོད་དང་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་ཅིང་། དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དཀའ་གནད་ལ་གདོང་གཏོད་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་འབད་པས་འགྲུབ་པར་བྱེད་དགོས། ཀྲུང་དབྱང་གིས་བཏོན་པའི་དངུལ་རྩ་དང་འཛད་སྤྱོད། དམངས་ཚིས་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱེད་པ་དང་། སྲིད་ཇུས་ཀྱི་འགོ་རྩོམ་ས་དང་རྐང་འཛུགས་ས་ཡང་དག་སྒོས་འཚོལ་ཞིང་། གྲངས་གསོག་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། གྲངས་འཕར་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། སྲིད་ཇུས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་ཀྱི་ཁེ་ཕན་དེ་དཔལ་འབྱོར་བརྟན་བརླིང་ངང་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་ཚུར་སྒྱུར་བྱེད་དགོས། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ་དང་། བསྒྱུར་བཀོད་སྤྱོད་ཚུལ་ལེགས་སྒྱུར་བྱེད་ཅིང་། འགུལ་སྐྱོད་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་སྔར་ལས་དྲག་པོར་བརྟེན་ནས་གོ་སྐབས་དམ་འཛིན་དང་འགག་སྒྲོལ་ཁེགས་སེལ། བརྟན་ཐོག་ཡར་འཕར་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམ་བཅར་རྣམ་པའི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་ལག་བསྟར་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། རང་ཞིང་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། གྲོས་ཚོགས་ནས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་དང་རྩ་དོན་གཙོ་བོ། དམིགས་འབེན་ལས་འགན་བཅས་དམ་འཛིན་བྱེད་ཅིང་། བཅོས་སྒྱུར་ལག་བསྟར་སྔོན་གྱི་བྱ་བ་གྲ་སྒྲིག་དང་བཅོས་སྒྱུར་ལག་བསྟར་རྗེས་ཀྱི་སྲིད་ཇུས་ལག་བསྟར་གཉིས་གཅིག་གྱུར་སྒོས་དམ་འཛིན་གང་ལེགས་བྱེད་པ་དང་། བརྟན་བརླིང་རིམ་ལྡན་སྒོས་རང་ཞིང་གི་བཅོས་སྒྱུར་བྱ་བ་ལེགས་པོར་བསྒྲུབ་ནས། སྔོན་རྩིས་གྲུབ་འབྲས་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས། བྱ་བའི་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། སྲིད་ཇུས་དོན་འཁྱོལ་ཞིབ་མོ་བྱེད་ཅིང་། སྡེབ་སྒྲིག་སྲིད་ཇུས་ལེགས་སྒྱུར་བྱེད་པ་དང་། མཐུན་སྒྲིལ་མཉམ་འགུལ་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ཤུགས་བཏོན་ནས། བྱ་བའི་བྱེད་ཐབས་ཞིབ་ཕྲར་བཟོ་བ་དང་། བྱ་བའི་རྨང་གཞི་སྲ་བརྟན་བཏང་སྟེ། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་བའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ནས་བརྟན་བརླིང་ངང་འཕར་བ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་སྲིད་ཇུས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དངུལ་རྩ། གསར་བ་གཉིས། གསར་དར་བཟོ་ལས་ཅན། ས་ཁང་བདག་ཁོངས། ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོར། ཚོང་འགུག་དངུལ་འདྲེན་སོགས་གཙོ་གནས་ལ་དམིགས་ཏེ། གཅིག་སྣོན་དྲུག་གི་སྲིད་ཇུས་མ་ལག་དོན་འཁྱོལ་ཞིབ་མོ་བྱེད་པ་དང་། དངུལ་རྩ་རྒྱ་སྐྱེད་སྟོབས་ནུས་དང་། ནོར་སྲིད་ཀྱི་སྤུས་ནུས་མཐོར་འདེགས། དངུལ་གཏོང་འགག་སྒྲོལ། འཛད་སྤྱོད་སླར་གསོ། ས་ཁང་བདག་ཁོངས་བདེ་འཇགས་འཕེལ་རྒྱས། བཟོ་ལས་བརྟན་འཕར་ཚུལ་སྒྱུར། སྒོ་འབྱེད་ཟབ་སྤེལ་རྒྱ་བསྐྱེད། དམངས་ཚིས་དམའ་སྲུང་ལེགས་སྒྱུར་བཅས་འགུལ་སྐྱོད་ཆེན་མོ་བརྒྱད་སྤེལ་ནས། ནུས་ཤུགས་ཡོད་རྒུས་སྔོན་རྩིས་བརྟན་བརླིང་སྒོས་འཕར་བ་དང་། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། སྒུལ་ཤུགས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་ཚིས་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད། གནོད་འགོག་གནོད་སེལ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ། མང་ཚོགས་ཕྱི་སྐྱོད་སོགས་ཀྱི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་བསྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས2023ལོར་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་དང་ལས་ཁུངས་ཀྱི་མིང་ཐོ་དང་ལྟ་ཞིབ་སྐུལ་སློང་བྱེད་ཐབས་ལ་ཞིབ་འཇུག་བྱས། གྲོས་ཚོགས་ནས་ལྟ་ཞིབ་སྐུལ་སློང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས་སྐུལ་སློང་ཕན་ནུས་འདོན་སྤེལ་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号