【གསར་བརྗེའི་ཉམས་ཞིབ།】ཀྲུང་གོ་རྡུལ་ཕྲན་ནུས་པའི་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་ཧུང་དབྱི་འཁོར་དང་བཅས་པ་མཚོ་བྱང་དུ་སླེབས་ནས་གསར་བརྗེའི་ཉམས་ཞིབ་བྱེད་སྒོར་ཞུགས།

ཟླ6པའི་ཚེས17ཉིན། ཀྲུང་གོ་རྡུལ་ཕྲན་ནུས་པའི་ཚན་རིག་ཞིབ་འཇུག་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡོན་ཀྲང་དབྱང་ཧུང་དབྱི་འཁོར་དང་བཅས་པ་མི14མཚོ་བྱང་དུ་སླེབས་ནས་གསར་བརྗེའི་ཉམས་ཞིབ་བྱེད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་ཕེབས་རོགས་ཞུས།

དེའི་རིང་། བརྟག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། 221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་དང་པོ། འབར་གཏོར་ཚོད་ལྟའི་ར་བ་སོགས་ཞིབ་འཇུག་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་དེ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་དང་པོའི་ལོ་རྒྱུས་དང་གསར་བརྗེའི་རིག་གནས་ཟབ་མོ། དེ་བཞིན"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་རྟོགས་པར་བྱས།

དབྱང་ཧུང་དབྱི་འཁོར་དང་བཅས་པས་མཚོ་བྱང་ཁུལ་གྱི་གསར་བརྗེའི་ཉམས་ཞིབ་བྱ་བར་ཚད་མཐོའི་གདེང་འཇོག་གནང་ལ། ཕྱོགས་གཉིས་པོས་སློབ་གསོ་གསོ་སྦྱོང་དང་མི་སྣའི་ཆེད་དོན་བཅར་འདྲི། ལོ་རྒྱུས་དཔྱད་ཡིག་སྔོག་འདོན། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཞིབ་འཇུག་སོགས་ཀྱི་ཐད་སློབ་སྦྱོང་མཉམ་ལས་ལ་དཔྱད་བསྡུར་བརྗེ་རེས་བྱས་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཟམ་པ་དང་འབྲེལ་ཐག་ཡག་པོ་བསྐྲུན་ནས་ཐོན་ཁུངས་ཕན་ཚུན་ལོངས་སྤྱོད་དང་ལེགས་ཆ་གསབ་རེས། གཉིས་ཕན་མཉམ་རྒྱལ་ཁྲོད"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号