ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག18པ།༽

དོན་ཚན་གྱ་གཉིས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་རང་མོས་ལྟར་བཙུགས་པའི་ཡུལ་མི་ལྷན་ཚོགས། སློབ་གྲོགས་ལྷན་ཚོགས། འཐབ་གྲོགས་ལྷན་ཚོགས་སོགས་སྒྲིག་འཛུགས་བྱས་པའམ་ཡང་ན་དེར་ཞུགས་ཚེ། ཉེས་ཚབས་ཆེ་རིགས་ལ་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་གྱ་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) དམངས་གཙོས་འོས་སྦྱོར་དང་། དམངས་གཙོས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས། རྩ་འཛུགས་ཀྱིས་རྟོག་ཞིབ་དང་ཏང་ནང་གི་འདེམ་བསྐོ་བཅས་བྱེད་རིང་འདེམས་ཤོག་འཕེན་སྐུལ་དང་འདེམ་བསྐོ་བྱེད་རོགས་སོགས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་རིགས།

(གཉིས) བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འདེམས་ཤོག་འཕེན་པ་དང་འདེམ་བསྐོའི་བྱེད་སྒོའི་ནང་རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་བ་དང་། མི་གཞན་སྒྲིག་འཛུགས་དང་། ངན་སྐུལ། སླུ་བྲིད་བཅས་བྱས་ནས་འདེམས་ཤོག་འཕེན་དུ་བཅུག་པ་དང་བརྡས་ཐག་གཅོད་དུ་བཅུག་རིགས།

(གསུམ) འདེམ་བསྐོ་བྱེད་རིང་ཏང་གི་སྒྲིག་ཡིག་དང་། ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་འབྲེལ་ཡོད་སྒྲིག་ཡིག་བཅས་དང་འགལ་བའི་བྱེད་སྒོ་སྤེལ་རིགས།

རྩ་འཛུགས་ཡོད་པའི་འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམ་བསྐོ་བྱས་པའམ་ཡང་ན་གཞུང་དངུལ་སྤྱད་དེ་འདེམས་ཤོག་འཕེན་སྐུལ་དང་རྔན་བསླུས་འདེམ་བསྐོ་བྱས་རིགས་ལ་ཆད་པ་ལྕི་མོ་གཅོད་པའམ་ཡང་ན་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ།

དོན་ཚན་གྱ་བཞི་པ། ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱེད་སྐབས་རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་དང་། གཞན་ཁོངས་ཟུར་འབུད། གནས་སྤར་རེ་སྐོང་། ངོ་དགའ་ཞུ་འཐེན། དཔོན་གནས་ཞུ་སློང་། གོ་གནས་མྱུར་སྤར་རམ་ཡང་ན་ལས་བྱེད་པ་བགོ་སྒྲིག་སོགས་ལས་བྱེད་པ་འདེམ་སྒྲུག་དང་བཀོལ་སྤྱོད་ཀྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་དམིགས་ནས་ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

མི་སྣ་བཀོལ་སྤྱོད་ཐད་འགན་འཛོལ་འཕྱུགས་སྐྱོན་ཤོར་ནས་ངན་འབྲས་ཚབས་ཆེན་བཟོས་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་གྱ་ལྔ་པ། འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་ཆག་གང་རུང་བྱེད་པར་སྐུལ་སྤེལ་གཏོང་བའི་ལས་ཀའི་ཁྲོད་མི་བཟང་རིང་ལུགས་སྤེལ་རིགས་ལ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་སོགས་ཀྱི་ཆད་པ་བཅད་དེ་རྩ་འཛུགས་ཀྱི་བགོ་སྒྲིག་ལས་གཡོལ་རིགས།

(གཉིས) རྩ་འཛུགས་ཀྱི་བགོ་སྒྲིག་གིས་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་སོགས་ཀྱི་ཆད་པ་བཅད་པའི་ཚབ་བྱས་རིགས།

(གསུམ) ལྗིད་གཡོལ་ཡང་ལེན་གྱི་ཐག་གཅོད་བྱས་པའི་བྱ་སྤྱོད་གཞན་དག

དོན་ཚན་གྱ་དྲུག་པ། ལས་བྱེད་ལས་བཟོ་བསྡུ་སྤྱོད་དང་དཔྱད་ཞིབ། གོ་གནས་རིམ་སྤར་དང་། གོ་མིང་དཔྱད་བསྡུར་གདན་ཞུ། གཟི་བརྗིད་མཚན་སྙན་ལ་གཟེངས་བསྟོད་བཅས་བྱེད་པ་དང་། རིག་གཞུང་གི་མཚན་སྙན་སྤྲོད་པ་དང་། དམག་མི་བསྡུ་བ། དམག་ཞབས་འཐིམ་པའི་དམག་མི་བཀོད་སྒྲིག་སོགས་ཀྱི་ལས་དོན་སྒྲུབ་རིང་། གནས་ཚུལ་ངོ་མ་སྦ་གསང་དང་འཁྱོག་བཤད་བྱས་པའམ་ཡང་ན་འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། རང་ཉིད་དམ་ཡང་ན་མི་གཞན་ལ་ཁེ་ཕན་གཉེར་ཐབས་བྱས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

མི་བདེན་རྫུན་སྒྲིག་གིས་གོ་གནས་དང་། འགན་རིམ། གོ་མིང་། གླ་ཕོགས། ཐོབ་ཐང་། སློབ་རིམ། བསླབ་གནས། གཟི་བརྗིད། མཚན་སྙན་བཅས་སམ་ཡང་ན་ཁེ་ཕན་གཞན་དག་གཡོ་ལེན་བྱས་རིགས་ལ། གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号