ཞོན་ཧྭ་རུ་མགྱོགས་འཕྲིན་ནང་ཚུལ་མིན་གཏམ་བརྗོད་སྤེལ་མཁན་ཞིག་བཟུང་།

ཉེ་ཆར། ཞོན་ཧྭ་རྫོང་སྤྱི་བདེ་ཅུས་ཧོར་རྒྱལ་མངགས་གཏོང་ཁང་གིས་དྲ་རྒྱ་སྤྱད་དེ་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བའི་གྱོད་གཞི་ཞིག་མགྱོགས་མྱུར་ངང་ཞིབ་བཤེར་ཐག་གཅོད་བྱས་ནས་མི1སྲིད་འཛིན་བཀག་ཉར་བྱས་པ་རེད།

ཞོན་ཧྭ་ཉེན་རྟོག་ཕྱོགས་ཀྱིས་བྱ་བའི་སྐོར་ཞིབ་བྱེད་སྐབས། སྐྱེས་པ་ཞིག་གིས་མི་སྒེར་གྱི་མགྱོགས་འཕྲིན་དུ་ཚུལ་མིན་གྱི་གཏམ་བརྗོད་སྤེལ་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་ཤེས་རྟོགས་བྱུང་། 2024ལོའི་ཟླ6པའི་ཚེས19ཉིན། མགྱོགས་འཕྲིན་གྱི་ཐད་གཏོང་མཁན་ཧན་ཆེ་གེ་མོས(སྐྱེས་པ། ལོ43 ཧོར་རྒྱལ་གྲོང་རྡལ་གྱི་མི)སྒེར་གྱི་ཁོང་ཁྲོ་སེལ་ཆེད། མགྱོགས་འཕྲིན་གྱི་ཐད་གཏོང་སྟེགས་བུ་བརྒྱུད་དེ་ས་ཡོམ་རྗེས་སུ་བསྐྱར་སྐྲུན་བྱས་པའི་སྐོར་གྱི་དོན་དངོས་དང་མི་མཐུན་པའི་གཏམ་བརྗོད་ཁྱབ་བསྒྲགས་བྱས་པས། དྲ་གྲོགས་མང་པོ་ཞིག་གིས་ལྟད་མོར་བལྟས་པ་དང་འབྲེལ་རྒྱ་ཁྱབ་ངང་བརྒྱུད་སྒྲོག་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ་རེད། ཧོར་རྒྱལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཧན་ཆེ་གེ་མོ་ཁྲིམས་ལྟར་མངགས་གཏོང་ཁང་དུ་བོས་ནས་བརྟག་དཔྱད་བྱས་པས། ཧན་ཆེ་གེ་མོས་རང་ཉིད་ཀྱིས་ཚུལ་མིན་གཏམ་བརྗོད་སྤེལ་བའི་ཁྲིམས་འགལ་བྱ་སྤྱོད་སྦ་གསང་མེད་པར་ཁས་བླངས།

མིག་སྔར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན26པའི་ཚན་པ4པའི་གཏན་འཁེལ་ལྟར། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཧན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན6གི་ཆད་པ་བཅད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号