མཐོ་རྒྱུགས་གཏོང་མཁན་སློབ་མ་དང་ཁྱིམ་བདག་ཚོས་གཟིགས་ཙམ་གནང་རོགས།

མིག་སྔར། རྒྱལ་ཡོངས་ཞིང་ལྗོངས་ཁག་གིས་སློབ་བསྡུའི་ལས་དོན་སྤེལ་འགོ་ཚུགས་པས། སློབ་བསྡུའི་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་། རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ནས་དོན་དག་ཁ་ཤས་ཐད་ཡིད་གཟབ་གནང་དགོས་འདུག

དང་པོ། ཁོངས་གཏོགས་ཞིང་ལྗོངས་ཀྱི་སློབ་བསྡུའི་བཀོད་སྒྲིག་ལ་རྒྱུས་ལོན་བྱ་དགོས།

སློབ་བསྡུའི་རིང་། རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ནས་ངེས་པར་དུ་རིམ་པ་ཁག་གི་སློབ་བསྡུའི་རེའུ་མིག་སྐོང་བའི་དུས་ཚོད་བཀོད་སྒྲིག་ལ་རྒྱུས་ལོན་བྱ་དགོས་པ་དང་། ཉི་འོད་མཐོ་རྒྱུགས་ཆ་འཕྲིན་སྟེགས་བུའི་དྲ་ཚིགས(阳光高考信息平台网站)ཐོག་ནས་དུས་ཐོག་ཏུ་སློབ་བསྡུའི་གནས་ཚུལ་འཚོལ་བཤེར་གནང་དགོས། སློབ་བསྡུའི་རིང་དོགས་གཞི་འདྲ་བྱུང་ཚེ། ཡང་དག་པའི་ཐབས་ལམ་ཐོག་ནས་འབྲེལ་ཡོད་མཐོ་སློབ་ཀྱི་སློབ་བསྡུའི་ཚན་པར་འབྲེལ་གཏུག་གནང་དགོས།

གཉིས་པ། གཏན་ཁེལ་གྱི་དུས་ཚོད་ནང་འདོད་མོས་སློབ་གྲྭའི་རེའུ་མིག་སྐོང་དགོས།

མཐོ་རྒྱུགས་གཏོང་མཁན་ཚོའི་འདོད་བློ་སྐོང་ཆེད། རིམ་པ་ཁག་གི་སློབ་བསྡུའི་འཆར་གཞི་མ་ཁེངས་པ་ཡིན་ན་ཡོངས་བསྒྲགས་སློབ་བསྡུའི་ཐབས་ལམ་ཐོག་ནས་སློབ་མ་ཁ་གསབ་བྱ་རྒྱུ་རེད་འདུག་པས། འདོད་པ་ཡོད་པའི་སློབ་གྲྭས་བསྡུས་མེད་ཀྱང་ཆ་རྐྱེན་འཛོམས་པའི་རྒྱུགས་ལེན་སློབ་མས་དང་བླངས་སློབ་བསྡུའི་རེའུ་མིག་སྐོང་ཆོག་གི་འདུག

གསུམ་པ། ཁ་པར་ཆུ་ཚོད་ཉི་ཤུ་རྩ་བཞིར་ལེན་མཁན་ཡོད་པ་བྱེད་དགོས།

སློབ་བསྡུའི་རིང་། སློབ་བསྡུའི་སློབ་གྲྭའམ་རྒྱུགས་གཏོང་ཚན་པས་སློབ་བསྡུའི་དོན་དག་ཐད་རྒྱུགས་ལེན་སློབ་མ་དང་འབྲེལ་བ་བྱེད་སྲིད་པས། རྒྱུགས་ལེན་སློབ་མས་སློབ་བསྡུའི་མཇུག་འབྲས་དངོས་འཚོལ་བཤེར་མ་ཐུབ་པའི་གོང་དུ་ཆུ་ཚོད་ཉི་ཤུ་རྩ་བཞིར་ཁ་པར་ལེན་མཁན་ཡོད་པ་བྱེད་དགོས།

བཞི་པ། མགོ་སྐོར་འོག་ཏུ་མ་ཚུད་པ་གནང་དགོས།

རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་རྣམས་ལ་དྲན་སྐུལ་ཞུ་རྒྱུ་ཞིག་ལ། སློབ་བསྡུའི་ལས་དོན་ཡོད་ཚད་ལ་བར་ཁེའི་ཚན་པ་དང་བར་ཁེའི་མི་སྣ་གཏན་ནས་བརྒྱུད་དགོས་མེད་པས། རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ནས་སློབ་བསྡུའི་སྲིད་ཇུས་དང་སྒྲིག་སྲོལ་ལམ་ལུགས་ལ་རྒྱུས་ལོན་བྱས་ཏེ་མགོ་སྐོར་འོག་ཏུ་མ་ཚུད་པ་གནང་དགོས། སློབ་བསྡུའི་རིང་གི་འབྲེལ་ཡོད་ཆ་འཕྲིན་རྣམས་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ནས་ཉི་འོད་མཐོ་རྒྱུགས་ཆ་འཕྲིན་སྟེགས་བུའི་གཞུང་ཕྱོགས་དྲ་ཚིགས(阳光高考信息平台官网)སོགས་ཡང་དག་པའི་ཐབས་ལམ་ཐོག་ནས་ཤེས་རྟོགས་གནང་དགོས། སློབ་བསྡུའི་ཆ་འཕྲིན་ད་དུང་མཐོ་སློབ་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་སྟེགས་ཨང་གྲངས་ཐོག་ནས་ཀྱང་འཚོལ་བཤེར་གནང་ཆོག

ལྔ་པ། སློབ་བསྡུའི་བརྡ་ཐོའི་ཆ་འཕྲིན་བདེན་རྫུན་གང་ཡིན་བརྟག་དཔྱད་བྱ་དགོས།

རྒྱུགས་ལེན་སློབ་མར་སློབ་བསྡུའི་བརྡ་ཐོ་འབྱོར་རྗེས། སློབ་བསྡུའི་བརྡ་ཐོའི་བདེན་རྫུན་ལ་བརྟག་དཔྱད་གནང་ནས་མགོ་སྐོར་འོག་ཏུ་མི་ཚུད་པ་གནང་དགོས། རྒྱུགས་ལེན་སློབ་མས་སློབ་བསྡུའི་ཆ་འཕྲིན་འཚོལ་བཤེར་བྱས་ཆོག་པས། རང་ཉིད་བསྡུ་མཁན་གྱི་སློབ་གླིང་གི་མིང་དང་། ཆེད་ལས་སོགས་ལ་བརྟག་དཔྱད་བྱ་དགོས་པ་དང་། རྒྱུགས་ལེན་སློབ་མས་སློབ་གྲྭའི་ཆ་འཕྲིན་འཚོལ་བཤེར་བྱས་ཆོག་པས། སློབ་གྲྭ་དེར་སློབ་གནས་སློབ་གསོའི་ཐོབ་ཐང་ཡོད་མེད་དང་ད་ལོ་རང་གནས་སའི་ཞིང་ལྗོངས་ནས་སློབ་མ་བསྡུ་གི་ཡོད་མེད་སོགས་ལ་བརྟག་དཔྱད་བྱ་དགོས། གཞན་ད་དུང་། སློབ་བསྡུའི་བརྡ་ཐོའི་ནང་དོན་ལ་བརྟག་དཔྱད་བྱ་དགོས་པ་སྟེ། མཚན་རྟགས་དང་ཐེལ་ཙེ་སོགས་ཡོད་མེད་ལ་བརྟག་དཔྱད་བྱ་དགོས་པ་དང་། སྦྲག་སྲིད་མྱུར་སྐྱེལ་གྱི་ཆ་འཕྲིན་ལ་དོ་སྣང་བྱས་ནས་སློབ་བསྡུའི་བརྡ་ཐོ་ག་པར་སླེབས་ཡོད་མེད་སོགས་ལ་ཤེས་རྟོགས་བྱ་དགོས།

སྤྱིར་བཏང་བྱས་ན་མཐོ་སློབ་ཀྱིས་སློབ་བསྡུའི་ལས་དོན་མཇུག་འགྲིལ་རྗེས་ཀྱི་གཟའ་འཁོར་གཅིག་ཡས་མས་སུ་སློབ་མ་གསར་པར་སློབ་བསྡུའི་བརྡ་ཐོ་བསྐུར་གྱི་ཡོད། གལ་སྲིད། རྒྱུགས་ལེན་སློབ་མར་སློབ་བསྡུའི་བརྡ་ཐོ་གཏན་ནས་མ་འབྱོར་བ་ཡིན་ན། དུས་ཐོག་ཏུ་སློབ་བསྡུའི་མཐོ་སློབ་ཀྱིས་ཡོངས་བསྒྲགས་བྱས་པའི་སློབ་བསྡུའི་བློ་འདྲིའི་ཁ་པར་བརྒྱབ་ནས་འབྲེལ་ཡོད་གནད་དོན་བཀའ་འདྲི་ཞུ་དགོས།

དྲུག་པ། མི་སྒེར་གྱི་སློབ་བསྡུའི་ཆ་འཕྲིན་ཡག་པོ་སྲུང་དགོས།

རྒྱུགས་ལེན་སློབ་མས་གལ་སྲིད་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག་ཏུ་སློབ་བསྡུའི་བརྡ་ཐོ་མཉམ་སྤྱོད་བྱེད་དགོས་བསམས་ན། མིང་དང་། རྒྱུགས་ལེན་ཨང་གྲངས། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་གནད་འགག་ཆེ་བའི་ཆ་འཕྲིན་བསུབ་ནས་བསྐུར་ཏེ་ཆ་འཕྲིན་ཕྱི་རུ་གྱར་བའི་གནས་ཚུལ་མི་ཐོན་པ་བྱ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号