རང་རྒྱལ་ཁྲིམས་ཆད་ཀྱི་རྣམ་གྲངས་གང་དག་ཡོད།

རང་རྒྱལ་གྱི་ཁྲིམས་ཆད་ལ་ཁྲིམས་ཆད་གཙོ་བོ་དང་ཟུར་འགེལ་ཁྲིམས་ཆད་གཉིས་ཡོད། ཁྲིམས་ཆད་གཙོ་བོ་ཞེས་པ་ནི་ནག་ཉེས་བསགས་པར་སྤྱོད་པའི་ཉེས་ཆད་གཅོད་ཐབས་གཙོ་བོ་ཞིག་ཡིན་ཞིང་། ཁྲིམས་ཆད་གཙོ་བོ་ནི་གཅིག་པུར་སྤྱོད་པ་ལས་ཟུར་འགེལ་སྤྱོད་མི་རུང་བ་སྟེ། ནག་ཉེས་གཅིག་ལ་ཁྲིམས་ཆད་གཙོ་བོ་རིགས་གཅིག་ཁོ་ན་བེད་སྤྱོད་པ་ལས་རིགས་གཉིས་ཡན་བེད་སྤྱོད་མི་རུང་། ཉེས་ཆད་གཙོ་བོའི་ཁོངས་སུ་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་བསྐུལ། དུས་བཀག་བཙོན་འཇུག ཚེ་བཙོན། སྲོག་ཁྲིམས་བཅས་རིགས་ལྔ་ཚུད་ཡོད། ཟུར་འགེལ་ཁྲིམས་ཆད་ཅེས་པར་ཟུར་བསྣན་ཁྲིམས་ཆད་ཀྱང་ཟེར་ཞིང་། དེ་ནི་ཁྲིམས་ཆད་གཙོ་བོ་ཁ་གསབ་བྱེད་པར་སྤྱོད་པའི་ཉེས་ཆད་གཅོད་ཐབས་ཤིག་ཡིན། ཟུར་འགེལ་ཁྲིམས་ཆད་དེ་སྤྱིར་ན་ཁྲིམས་ཆད་གཙོ་བོར་སྤྱོད་རྒྱུ་ཟུར་འགེལ་བྱས་ཡོད་མོད། འོན་ཀྱང་། ཟུར་འགེལ་ཁྲིམས་ཆད་གཅིག་པུར་སྤྱད་ཀྱང་ཆོག ཟུར་འགེལ་ཁྲིམས་ཆད་དུ་གཙོ་བོ་དངུལ་ཆད་དང་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག རྒྱུ་ནོར་གཞུང་བཞེས་བཅས་རིགས་གསུམ་ཚུད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号