ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།

ས་བཅད་གསུམ་པ། གར་སོང་ཆ་མེད་དུ་གྱུར་པ་དང་ཤི་བ་ཁྱབ་བསྒྲགས་བྱེད་པ།

དོན་ཚན་བཞི་བཅུ་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་ལོངས་ཚེ། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་གར་སོང་ཆ་མེད་དུ་གྱུར་པའི་མི་ཡིན་པར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག

དོན་ཚན་ཞེ་གཅིག་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ཡུན་དེ་མི་དེ་གོ་ཐོས་མེད་པར་གྱུར་པའི་ཉིན་ནས་བརྩི་དགོས། དམག་འཁྲུག་གི་སྐབས་སུ་གར་སོང་ཆ་མེད་དུ་གྱུར་ན། གར་སོང་ཆ་མེད་དུ་གྱུར་ཡུན་དེ་དམག་འཁྲུག་མཇུག་བསྒྲིལ་ཉིན་ནམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པ་གཏན་འཁེལ་བྱས་ཉིན་ནས་བཟུང་བརྩི་དགོས།

དོན་ཚན་ཞེ་གཉིས་པ། གར་སོང་ཆ་མེད་ཀྱི་མིའི་རྒྱུ་ནོར་ནི་དེའི་བཟའ་ཟླ་དང་ནར་མ་སོན་པའི་བུ་ཕྲུག ཕ་མ་བཅས་དང་ཡང་ན་རྒྱུ་ནོར་ཚབ་བདག་པ་བྱེད་འདོད་པའི་མི་གཞན་དག་གིས་ཚབ་བདག་བྱེད་དགོས།

ཚབ་བདག་བྱེད་པའི་ཐད་རྩོད་གཞི་བྱུང་ཚེ། ཚན་པ་གོང་མར་བཀོད་པའི་མི་མེད་པའམ་ཡང་ན་ཚན་པ་གོང་མར་བཀོད་པའི་མིར་ཚབ་བདག་བྱེད་ནུས་མེད་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་མིས་ཚབ་བདག་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་དུ་གྱུར་བའི་མིའི་རྒྱུ་ནོར་བདག་གཉེར་ཡག་པོ་བྱེད་དགོས་པ་དང་། དེའི་རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོང་བྱེད་དགོས།

གར་སོང་ཆ་མེད་དུ་གྱུར་བའི་མིས་འཇལ་མེད་པའི་ཁྲལ་དངུལ་དང་བུ་ལོན། འཇལ་དགོས་པའི་གྲོན་དངུལ་གཞན་དག་བཅས་ནི་རྒྱུ་ནོར་ཚབ་བདག་པས་གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་ལས་སྤྲོད་དགོས།

གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་ཐེབས་པའི་གྱོང་གུན་དེ་རྒྱུ་ནོར་ཚབ་བདག་པས་བསམ་བཞིན་དུ་བཟོས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་བྱུང་བ་ཡིན་ན། རྒྱུ་ནོར་ཚབ་བདག་པས་སྐྱིན་གསབ་འགན་འཁྲི་འཁུར་དགོས།

དོན་ཚན་ཞེ་བཞི་པ། རྒྱུ་ནོར་ཚབ་བདག་པས་ཚབ་བདག་འགན་འཁྲི་མི་སྒྲུབ་པ་དང་། གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་གྱི་ཁེ་ཕན་ལ་གནོད་འཚེ་བཏང་བའམ་ཚབ་བདག་བྱེད་ནུས་ཤོར་ན། གར་སོང་ཆ་མེད་དུ་གྱུར་པའི་མི་དེ་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བདག་པ་བརྗེ་དགོས་པའི་རེ་འདུན་ཞུས་ཆོག

མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་བདག་པ་བརྗེས་ཡོད་ན། བརྗེས་པའི་རྗེས་ཀྱི་རྒྱུ་ནོར་ཚབ་བདག་པར་དེ་སྔའི་རྒྱུ་ནོར་ཚབ་བདག་པས་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་ཏེ་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་ཞེ་ལྔ་པ། གར་སོང་ཆ་མེད་དུ་གྱུར་པའི་མི་བསྐྱར་དུ་རྙེད་པ་ཡིན་ན། ཁོ་རང་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་གར་སོང་ཆ་མེད་དུ་གྱུར་པའི་ཁྱབ་བསྒྲགས་ཕྱིར་འཐེན་བྱེད་དགོས།

གར་སོང་ཆ་མེད་དུ་གྱུར་པའི་མི་བསྐྱར་དུ་རྙེད་པ་ཡིན་ན། རྒྱུ་ནོར་ཚབ་བདག་པར་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་བསྒྱུར་སྤྲོད་བྱེད་པ་དང་སྦྲགས་རྒྱུ་ནོར་ཚབ་བདག་སྐོར་གྱི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

དོན་ཚན་ཞེ་དྲུག་པ། རང་བྱུང་མིར་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་བྱུང་ན། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་ཤི་བ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག

(གཅིག)གར་སོང་ཆ་མེད་དུ་གྱུར་ནས་ལོ་བཞི་ལོངས་པ།

(གཉིས)བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་ལོངས་པ།

བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་ར་སྤྲོད་བྱས་ཚེ། ཤི་བ་ཁྱབ་བསྒྲགས་བྱེད་པའི་རེ་འདུན་ཞུ་ཡུན་ལ་ལོ་ངོ་གཉིས་ཀྱི་ཚོད་འཛིན་མི་ཐེབས་པ་ཡིན།

དོན་ཚན་ཞེ་བདུན་པ། རང་བྱུང་མི་གཅིག་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ལ་ལས་ཁོ་རང་ཤི་བ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་པ་དང་། ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ལ་ལས་ཁོ་རང་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་འདུན་ཞུས་ཚེ། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཤི་བ་ཁྱབ་བསྒྲགས་བྱེད་པའི་ཆ་རྐྱེན་འཛོམས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཤི་བ་ཁྱབ་བསྒྲགས་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号