བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(37 )

ང་བརྒྱད་པ། ང་ཚོའི་ཏང་གིས་ཏང་འཛུགས་སྙིང་སྟོབས་ཆེན་མོ་དར་སྤེལ་བཏང་བ་དང་། མི་དམངས་ཀྱི་སྣེ་ཁྲིད་ནས་མཐུན་སྒྲིལ་འབད་འཐབ་དང་ཡར་བརྩོན་ལྷོད་མེད་བྱས་པ། རྔམ་བརྗིད་ལྡན་ལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ནས། སྔར་མ་གྲགས་པའི་གྲུབ་འབྲས་རླབས་ཆེན་བླངས། ཀྲུང་གོ་ཁ་ཐོར་དགུ་ཐོར་དང་བྱེ་མའི་འཆིང་བུ་ལྟ་བུ་ནས་ཚད་མཐོའི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱུང་བ། དབུལ་ཕོངས་ཉམས་ཞན་དང་དབུལ་པོ་དབུལ་རྐྱང་ནས་ཕྱོགས་ཡོངས་འབྱོར་འབྲིང་དང་སྟོབས་འབྱོར་མངའ་ཐང་རྒྱས་པ། གཞན་དབང་གཅར་རྡུང་དང་བརྙས་བཅོས་ཚད་མེད་མྱོང་བ་ནས་རང་བཙན་རང་བདག་དང་གདེང་ཚོད་བརྟན་པོ་བྱུང་བ་བཅས། མི་ཡུལ་གྱི་ངོ་མཚར་ཡང་ནས་བསྐྱར་དུ་གསར་སྐྲུན་བྱས། ཀྲུང་ཧྭ་མི་རིགས་ཀྱིས་བསྐྱར་དར་ཆེན་མོ་མངོན་འགྱུར་བྱེད་པའི་འོད་སྟོང་ལྡན་པའི་མདུན་ལྗོངས་བསུས་ཤིང་། ཀྲུང་གོའི་མི་དམངས་ཀྱིས་ད་ལྟ་ཡིད་ཆེས་བརྒྱ་འགྱུར་སྒོས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་ཀྱི་ལོ་རྒྱུས་རླབས་པོ་ཆེ་འབྲི་བཞིན་ཡོད། 


—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号