བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(38 )


ང་དགུ་པ། ངེས་པར་དུ་གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་པས། གནད་དོན་ཐག་གཅོད་པར་ལན་འདེབས་པ་དང་མཛུབ་སྟོན་བྱེད་པ་ནི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན། ད་ལོར་ང་ཚོར་འཕྲད་པའི་གནད་དོན་གྱི་རྙོག་འཛིང་ཆེ་བའི་ཚད་དང་གནད་དོན་ཐག་གཅོད་ཀྱི་དཀའ་ངལ་ཆེ་བའི་ཚད་མངོན་སུམ་གྱིས་ཇེ་ཆེར་ཕྱིན་ཡོད་པས། གཞུང་ལུགས་གསར་གཏོད་ལ་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་གནད་དོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལག་ལེན་ལ་འཕྲད་པའི་གནད་དོན་གསར་པ་དང་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་ཐད་གནས་པའི་གནད་དོན་ཟབ་མོ། མི་དམངས་མང་ཚོགས་བྲེལ་ཆེ་དཀའ་ངལ་ལྡན་པ་དང་སེམས་ཁྲལ་རེ་ལྟོས་ཆེ་བའི་གནད་དོན། རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་ཀྱི་གནད་དོན་ཆེན་མོ། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་འབུར་ཐོན་བཅས་ལ་དམིགས་ནས། ངེས་པ་དོན་གྱིས་གནད་དོན་ཐག་གཅོད་ཐུབ་པའི་འདུ་ཤེས་གསར་པ་དང་རིགས་ལམ་གསར་པ། བྱེད་ཐབས་གསར་པ་བཅས་མུ་མཐུད་དུ་འདོན་དགོས། 


—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号