མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ།


ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དཀའ་གནད་ཐག་གཅོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛུགས་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་བ་དང་། བྱེད་ཐབས་བཟང་བོ་འདོན་པ་དང་དོན་དངོས་སྒྲུབ་པ། མང་ཚོགས་ཀྱི་དཀའ་སྡུག་སེལ་བའི་སྟེང་ཤུགས་བཏོན་ཏེ་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གིས་གཅིག་བསྡུས་བགྲོ་གླེང་སློབ་སྦྱོང་དང་ཏང་ཡོན་རྒན་པས་ཏང་གི་སློབ་ཁྲིད་བྱེད་པ། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་སོགས་ཡུལ་དངོས་བྱ་འགུལ་དང་མཚོ་སྔོན་གྱི་ལས་བྱེད་པ་རྒན་པའི་མཉེན་ཆས། མཚོ་བྱང་གི་ལས་བྱེད་པ་རྒན་པ་དང་འཇུ་ལག་ཏང་འཛུགས་སོགས་དྲ་ལམ་སྟེགས་བུ་བརྒྱུད་དེ། ལས་བྱེད་པ་རྒན་པའི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཐེངས་བདུན། ཏང་གི་སློབ་ཁྲིད་ཐེངས་གསུམ་བཅས་ལ་སྤེལ་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྒྱུན་མཐུད་ངང་ཤུགས་བསྣན་ལ། ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ཏང་ཡོན་གྱིས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། འགན་འཁྲིའི་འཚོལ་སྙེག་བརྟན་སྲུང་བྱས། མི་གཅིག་ལ་བྱེད་ཐབས་གཅིག་གི་བྱ་བའི་བྱེད་ཐབས་ལག་བསྟར་བྱས་པ་དང་། ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པར་ཞབས་འདེགས་ཞུས་ལ། བྱ་བའི་རྩིས་ཐོ་བཙུགས་པ་དང་། གོ་རིམ་ཧྲིལ་བོར་ལས་བྱེད་པ་རྒན་པའི་ཞབས་ཞུའི་བྱ་བའི་ཟིན་བྲིས་བཏབ་ནས། ལས་བྱེད་པ་རྒན་པར་ཆབ་སྲིད་ཀྱི་ངོས་ནས་མཚན་སྙན་འདུ་ཤེས་ཡོད་པ་དང་། རྩ་འཛུགས་ཀྱི་ངོས་ནས་ཁོངས་གཏོགས་འདུ་ཤེས་ཡོད་པ། འཚོ་བའི་སྟེང་ནས་བདེ་སྐྱིད་ཀྱི་ཚོར་བ་ཡོད་པར་བྱས། ལོ་ངོ་བདུན་ཅུར་དཀའ་སྤྱད་འབད་བརྩོན་བྱས་ནས་གསེར་མདོག་འཇུ་ལག་གི་ལེའུ་གསར་བ་འབྲི་ཞེས་པའི་ལས་བྱེད་པ་རྒན་པའི་བཞུགས་མོལ་ཚོགས་འདུ་དང་བདག་གིས་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཐབས་ཇུས་འདོན་ཞེས་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ལས་བྱེད་པ་རྒན་པས་ཐབས་འདོན་ཇུས་འབུལ་བྱེད་པའི་སྟེགས་བུ་བཙུགས་ལ། རྫོང་ཁོངས་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། བསྡོམས་པས་ཕྱོགས་གསུམ་ཐད་ཀྱི་བསམ་འཆར་བརྒྱད་བསྡུ་རུབ་བྱས་པ་དང་། ལས་བྱེད་པ་རྒན་པས་སྲིད་ཞུགས་སྲིད་གླེང་བྱེད་པའི་སྤྲོ་སེམས་ཆེ་རུ་བསྐྱེད།

མདོ་ལ་རྫོང་གིས་བརྗོད་དོན་སློབ་གསོ་དང་མི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མགོ་ཁྲིད་ལས་བྱེད་པའི་ཞབས་ཞུ་རྐྱེན་སྲོལ་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་འདྲིས་ཞབས་ཞུ་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ལ། གྲོང་གསེབ་དར་སྤེལ་གྱི་གཅིག་འབྲེལ་གཉིས་རོགས་བྱ་བའི་རྐྱེན་སྲོལ་དང་ལས་ཁུངས་ཀྱི་ཏང་ཡོན་གྱིས་རོགས་སྐྱོར་མཉམ་འཛུགས་བྱེད་པའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བ་དང་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བསྐྱེད་པ། ཞིང་སྡེའི་རོགས་རེས་བདེ་སྐྱིད་ཁང་རྒྱ་བསྐྱེད་པ། ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་ཆེར་བསྐྱེད་པ། བགྲོད་ལམ་གེགས་མེད་ཚད་འདེགས། དྲོད་འདོན་ཞབས་ཞུ་སྤུས་འདེགས། འཕྲིན་བཅར་གྱོད་གཞི་ཐག་གཅོད་བཅས་ཀྱི་འགུལ་སྐྱོད་སྣ་བདུན་ལག་བསྟར་ཤུགས་ཆེན་བྱས་ནས། བྱེད་ཐབས་དངོས་སྤྱད་དེ་དཀའ་གནད་ཐག་བཅད་པ་དང་དོན་དངོས་བསྒྲུབས། གྲུབ་འབྲས་དང་སྣང་བརྙན་ངོམ་པ་དང་། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཀྲི་པུའུ་རུ་ཡོད་པའི་བྱ་འགུལ་ཐེངས་བརྒྱ་དང་སུམ་ཅུར་སྤེལ་བ་དང་། བདག་གི་ལས་རྐང་ལ་བདག་གིས་འགན་ཁུར་བ་དང་། བདག་ལས་རྐང་སྟེང་ཡོད་ན་ཁྱེད་རང་སེམས་བདེ་ཆོག་ཅེས་པའི་བྱ་འགུལ་ཐེངས་བརྒྱ་དང་རེ་བཞི་སྤེལ་ལ། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་སྡུག་ཐག་གཅོད་པའི་དམ་བཅའ་ལག་བསྟར་བྱ་འགུལ་ཐེངས་ཞེ་བདུན་ལ་སྤེལ་བ་དང་། དོན་དངོས་རེ་བདུན་བསྒྲུབས་ནས། མང་ཚོགས་སྟོང་བཞི་ལྷག་ལ་ཕན་བཏགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号