བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(41)


རེ་གཉིས་པ། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་འཕོ་འགྱུར་ཁྲོད་གྲུབ་པའི་མཚར་སྡུག་འོད་སྟོང་འབར་བའི་ཤེས་རིག་ཡོད་ཅིང་། ཀྲུང་གོའི་གུང་ཁྲན་ཏང་ལ་ལོ་ངོ་བརྒྱ་ཡི་འབད་འཐབ་ལག་ལེན་དང་ལོ་ངོ་བདུན་ཅུ་ལྷག་གི་སྲིད་སྐྱོང་རྒྱལ་དར་གྱི་ཉམས་མྱོང་ཡོད། ང་ཚོས་མིའི་རིགས་ཀྱི་ཤེས་རིག་གི་དགེ་མཚན་ལྡན་པའི་གྲུབ་འབྲས་ཡོད་ཚད་ཧུར་བརྩོན་ཆེན་པོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། དགེ་མཚན་ལྡན་པའི་གྲོས་གཞི་དང་སེམས་བཟང་གི་སྐྱོན་བརྗོད་ཡོད་ཚད་ལ་དགའ་བསུ་ཞུ་ནའང་། “དགེ་རྒན་རྒན་པའི”ཚུལ་གྱིས་ཁྲོ་ཉམས་ང་རྒྱལ་གྱིས་བསླབ་བྱ་གཏོང་བར་གཏན་ནས་དང་ལེན་མི་བྱེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་བགྲོད་ལམ་ཐོག་མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་བསྐྱོད་རྒྱུ་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་མདུན་སྐྱོད་ཀྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ཡིན།

 

——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号