བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(44)

རེ་ལྔ་པ། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན་ལ། ཏང་གི་ངོ་བོ་དང་དམིགས་ཡུལ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། ཏང་གི་འདོད་ཚུལ་གལ་ཆེན་བཅས་གཅིག་སྡུད་ཀྱིས་མཚོན་ཡོད་པ་དང་། ཏང་གི་ལམ་ལུགས་གལ་ཆེན་དང་སྒྲིག་སྲོལ་ལམ་སྲོལ་གཏན་འབེབས་བྱས་ཡོད་པས། དེ་ནི་ཏང་ཡོངས་ཀྱིས་ངེས་པར་དུ་ཐུན་མོང་ཐོག་བརྩི་སྲུང་ཞུ་དགོས་པའི་རྩ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཡིན། སྒྲིག་ལམ་མེད་ན་ཚོགས་པ་སྐྱོང་ཐབས་མེད། ཏང་གི་སྒྲིག་ཡིག་ནི་ཏང་གི་གཞི་ཁྲིམས་ཆེན་མོ་ཡིན་ལ། ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྤྱིའི་སྒྲིག་ལམ་ཡང་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་བྱེད་སྒོ་ཡོད་ཚད་ཀྱི་ཁྲོད་དུ། རྒྱ་ཆེ་བའི་ཏང་ཡོན་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་རང་རྟོགས་སྒོས་ཏང་གི་སྒྲིག་ཡིག་སློབ་པ་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གཤིས་གསོ་སྐྱོང་ལ་རང་རྟོགས་སྒོས་ཤུགས་སྣོན་པ། ཏང་གི་འདུ་ཤེས་དང་དམིགས་ཡུལ་གྱི་འདུ་ཤེས། སྲིད་སྐྱོང་གི་འདུ་ཤེས། ཆེ་ཕྱོགས་ཀྱི་འདུ་ཤེས། ལས་འགན་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་གི་དཀའ་སྡུག་ཁུར་རོགས་དང་རྒྱལ་དོན་དུ་ལས་འགན་གཙང་སྒྲུབ། དམངས་དོན་དུ་བྱས་རྗེས་འཇོག་པ་བཅས་ངེས་པ་དོན་གྱིས་སྒྲུབ་ཐུབ་པར་བྱེད་དགོས། 


——《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号