བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(45)

རེ་དྲུག་པ། རྫུན་གཏམ་ལན་སྟོང་ཟློས་ན་བདེན་པར་འགྱུར། དགྲར་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་གཏན་ཚིགས་འདི་བེད་སྤྱོད་བྱེད་འདོད་ཡོད། ཁོ་ཚོས་ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ་ནི་ཉག་ཉོག་ཆལ་ཆོལ་ཞིག་དང་ཅི་ཡང་མི་འགྲིག་པ་ཞིག་ཏུ་བཤད་འདོད་པ་དང་། མི་རྣམས་ལ་བསླུ་བྲིད་ཀྱིས་ཁོ་ཚོའི་འདྲེ་གླིང་དང་བསྟུན་ནས་བྲོ་འཁྲབ་ཏུ་འཇུག་འདོད་ཡོད། དགྲར་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་ང་ཚོར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་གཏན་ནས་བདེ་བླག་ངང་མངོན་འགྱུར་བྱེད་དུ་འཇུག་མི་སྲིད། འདི་ནི་ཅིའི་ཕྱིར་ཏང་ཡོངས་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ཡོད་པའི་འཐབ་རྩོད་རླབས་པོ་ཆེ་ལ་གྲ་སྒྲིག་བྱེད་དགོས་ཞེས་ང་ཚོས་དྲན་སྐུལ་ནན་མོ་བཏང་བའི་རྒྱུ་རྐྱེན་ཞིག་ཡིན། འཐབ་རྩོད་འདི་ནི་མཁྲེགས་ཤུགས་ཀྱི་འཐབ་རྩོད་ཅིག་ཡིན་ལ། མཉེན་ཤུགས་ཀྱི་འགྲན་རྩོད་ཅིག་ཀྱང་ཡིན། 



——《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ་ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号