ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་མནའ་མཐུན་དང་མཉམ་དུ་རྒྱལ་ཁའི་འཆར་གཞིར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།

ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས23ཉིན་བཤད་རྒྱུར། ཁོར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་རྣམ་པར་རྒྱལ་བའི་རྒྱལ་ཁའི་འཆར་གཞི་ཡོད་པ་དང་། ཨ་མེ་རི་ཁ་སོགས་མནའ་མཐུན་ལ་འཆར་གཞིའི་ནང་དོན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། མིག་སྔར་འབྲེལ་ཡོད་འཆར་གཞི་དེའི་འབྲེལ་ཡོད་ཀྱི་གནས་ཚུལ་བློ་གཏད་ཆོག་པ་ཞིག་མེད་པས། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་སེམས་ཆུང་གི་རྣམ་འགྱུར་བཟུང་ཡོད་ཟེར།

ཙེ་ལེན་སི་ཅི་ཚེས22ཉིན་ཨ་མེ་རི་ཁར་འཚམས་འདྲི་བྱས། ཉིན་དེར་ཁོས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཐེངས་འདིའི་ཨ་མེ་རི་ཁའི་འཚམས་འདྲི་ལས་ཁོས་མནའ་མཐུན་གྲོགས་པོའི་བར་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཆེད་དུ་གཏན་འབེབས་བྱས་པའི་རྒྱལ་ཁའི་འཆར་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཉིན་དེར་བསྟན་དོན། ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མནའ་མཐུན་གྲོགས་པོ་ཚོས་དུས་ཚོད་དམ་འཛིན་བྱས་ཏེ། མ་འོངས་པའི་ཟླ་འགའི་ནང་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་དང་ནུབ་ཕྱོགས་ཀྱི་མནའ་མཐུན་གྲོགས་པོས་ངེས་པར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་མཇུག་འབྲས་ལ་ཁ་ལོ་བྱེད་དགོས་ཟེར། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། རང་ཉིད་ཀྱི་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཨ་མེ་རི་ཁའི་རྒྱལ་ཚོགས། ཨ་མེ་རི་ཁའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཐི་ལིང་ཕུའུ་དང་། ཧཱ་ལི་སི། དེ་མིན་ཝུའུ་ཁི་ལན་ཕྱོགས་ཀྱི་མནའ་མཐུན་གྲོགས་པོ་ཚང་མར་རྒྱལ་ཁའི་འཆར་གཞིའི་ནང་དོན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་བདེན་ལུགས་ཚགས་པར་གྱིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅིའི་རྒྱལ་ཁའི་འཆར་གཞི་དེ་ནང་དོན་གཙོ་བོ་བཞིར་འབྲེལ་ཡོད་དེ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས་ནས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེའི་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ་ཨུ་རུ་སིའི་ཕྱོགས་བར་གྲོས་མོལ་བྱེད་པའི་གཏའ་མ་གཙོ་བོར་བྱེད་པ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ངེས་གཏན་གྱི་དྲག་ཆས་དང་སྒྲིག་ཆས་འདོན་སྤྲོད་བྱེད་པ། ཝུའུ་ཁི་ལན་ལ་རྒྱལ་སྤྱིའི་དངུལ་ལོར་རོགས་སྐྱོར་ཐོབ་ནས་འཐབ་འཁྲུག་སྐབས་ཀྱི་གྱོང་གུད་ཐེབས་པའི་དཔལ་འབྱོར་སླར་གསོ་བྱེད་པ་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号