གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་ཡོན་གྲོས་མོལ་ཞེས་པའི་མུ་འབྲེལ་བྱ་འགུལ་ཨུ་རུ་སིའི་ཁཱ་ཧྲན་ནས་སྤེལ།

གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་ཡོན་གྲོས་མོལ་ཞེས་པའི་མུ་འབྲེལ་བྱ་འགུལ་ཚེས24ཉིན་ཨུ་རུ་སིའི་ཁཱ་ཧྲན་ནས་སྤེལ། ཀྲུང་གོ་དང་ཨུ་རུ་སི། པཱ་ཞི། རྒྱ་གར། ཨ་ཧྥེ་རི་ཁ་ལྷོ་མ། དབྱི་ལིང་སོགས་གསེར་གྱོམ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁྱབ་ཁོངས་སོ་སོའི་ཆེད་མཁས་པ། ན་གཞོན་འཐུས་མི་སོགས་མི300ལྷག་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་གྱིས་མི་གཞུང་བརྗེ་རེས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་འཛུགས་བྱེད་ཅེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་སྒྲུབ་ཁང་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཏཱ་ཐན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་། ཁཱ་ཧྲན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་གླིང་ལྔའི་དྲིལ་སྒྲོག་ལྟེ་གནས་དང་ཨུ་རུ་སིའི་ཁཱ་ཧྲན་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱིས་སྒྲུབ་འགན་ཁུར་ཡོད།

བྱ་འགུལ་གཙོ་སྒྲུབ་བྱེད་མཁན་གྱིས་བསྟན་དོན། དཔལ་ཡོན་བརྗེ་རེས་དང་དཔེར་ལེན་པ་ནི་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་དཔལ་འབྱོར་གྲོས་མོལ་བྱ་འགུལ་བརྒྱུད་དེ། གསེར་གྱོམ་རྒྱལ་ཁབ་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་འགྲོ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་གཞུང་སྦྲེལ་ཐག་ཇེ་དམ་དུ་བཏང་སྟེ། སྔར་ལས་མང་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་མང་ཚོགས་དག་དཔལ་ཡོན་གྲོས་མོལ་གྱི་ཕོ་ཉ་རུ་འགྱུར་བར་སྐུལ་སློང་བྱེད་ཐུབ་པར་ཡིད་ཆེས་ཡོད། གསེར་གྱོམ་རྒྱལ་ཁབ་དག་གིས་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་ལག་ལེན་བྱེད་པ་དང་། དམངས་སེམས་གཅིག་སྒྲིལ་བྱེད་པ་དམིགས་ཡུལ་དུ་བཟུང་ཞིང་། གསེར་གྱོམ་དང་གཞན་པའི་བར་གྱི་མཉམ་ལས་དེ་སྟེགས་བུར་བྱས་ཏེ། བསྟུད་མར་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཟབ་པའི་ལེའུ་གསར་བ་མཉམ་འབྲི་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་གསེར་གྱོམ་རྒྱལ་ཁབ་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

བྱ་འགུལ་ལ་ཞུགས་པའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཏཱ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧྥ་ཙི་ལེ་ཡེ་ཝ་ཡིས་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱི་སྣེ་ཁྲིད་འོག གསེར་གྱོམ་རྒྱལ་ཁབ་རིག་གནས་བརྗེ་རེས་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་སོང་བ་དང་། དཔལ་ཡོན་གྱི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེར་ལེན་གྱི་རྒྱ་ཆེ་ཚད་དང་གཏིང་ཚད་བསྟུད་མར་རྒྱ་བསྐྱེད། ཁོངས་གཏོགས་རྒྱལ་ཁབ་ཇེ་མང་དུ་བཏང་རྗེས་ཀྱི་གསེར་གྱོམ་རྒྱལ་ཁབ་སོ་སོས་མུ་མཐུད་དུ་དཔལ་ཡོན་གྲོས་མོལ་གྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་ལས་དྲ་རྒྱ་བཙུགས་ཏེ། མཉམ་དུ་གསེར་གྱོམ་གྱི་མཉམ་ལས་ཆེན་མོའི་དུས་རབས་གསར་བའི་མི་གཞུང་བརྗེ་རེས་ཀྱི་མཛེས་སྡུག་གི་མདུན་ལྗོངས་དེ་དངོས་ཡོད་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号