དབྱི་ལིང་ཧུའུ་ལའོ་ཧྲན་ལྷོ་མ་ཞིང་ཆེན་དུ་གཏེར་ཁའི་རྡིབས་སྐྱོན་བྱུང་ནས་མི49རྐྱེན་ལམ་དུ་ཤོར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཧུའུ་ལའོ་ཧྲན་ལྷོ་མ་ཞིང་ཆེན་དུ་གཏེར་ཁའི་རྡིབས་སྐྱོན་བྱུང་ནས་མི49རྐྱེན་ལམ་དུ་ཤོར་ཟེར།

ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། ས་འོག་ཏུ་མནན་པའི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། ཐེངས་འདིའི་གཏེར་ཁའི་རྡིབས་སྐྱོན་བྱུང་བའི་དོན་རྐྱེན་ལས་མི49རྐྱེན་ལམ་དུ་ཤོར་ཡོད་ཟེར།

དཔོན་རིགས་དེས་ད་རུང་བཤད་རྒྱུར། ཚེས23ཉིན་གྱི་དགོང་མོ་ནས་བཟུང་། ཡུལ་དངོས་གཙང་སེལ་བྱེད་པའི་བྱ་བ་ཇེ་མགྱོགས་སུ་བཏང་བ་དང་། ཚོད་དཔག་བྱས་ན་དུས་ཚོད་འགའི་རྗེས་སུ་མཇུག་སྒྲིལ་ངེས་ཡིན་ལ། འདས་པོའི་བེམ་པོར་རྙེད་སྲིད་ཟེར།

ཧུའུ་ལའོ་ཧྲན་ལྷོ་མ་ཞིང་ཆེན་གྱི་ཐཱ་པཱ་སི་གྲོང་ཁྱེར་གྱི་སོལ་གཏེར་ཞིག་ཏུ་ཚེས21ཉིན་གྱི་དགོང་མོར་སོལ་རླངས་འགས་གཏོར་བྱུང་ནས། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། འགས་གཏོར་བྱུང་སྐབས་བསྡོམས་པས་བཟོ་བ65ཡིས་གཏེར་ཁྲོན་ནང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། དེའི་ནང་མི16ལ་རྨས་ཕོག ཧུའུ་ལའོ་ཧྲན་ལྷོ་མ་ཞིང་ཆེན་སྲིད་གཞུང་གིས་ཚེས22ཉིན་སྤྱི་སྒྲོག་སྤེལ་ཏེ། ཚེས23ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་དུས་ཡུན་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号