མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གུང་ཧོ་ནས་ཚྭ་ཁ་བར་གྱི་འགྲན་མཚམས་བརྒྱད་པ་མཇུག་སྒྲིལ་བ།

ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། 2023“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་མཚམས་བརྒྱད་པ་སྟེ་གུང་ཧོ་ནས་ཚྭ་ཁ་བར་གྱི་འགྲན་བསྡུར་མཇུག་སྒྲིལ་བ་དང་། དེར་བརྟེན་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ཕུན་སུམ་ཚོགས་པའི་ངང་ཡོངས་སུ་མཇུག་རྫོགས་པ་མཚོན།

ཐེངས་འདིའི་མཇུག་བསྡུ་བའི་ཛ་དྲག་གི་འགྲན་རྩོད་ཁྲོད། པི་ལི་ཧྲིའི་ཐ་ཐེ་ལེ་ཐུའོ-ཨའེ་སུའོ་ལུའེ་སི་རུ་ཁག་གི་འགྲན་ཞུགས་པ་ཨང172པ་ཏུའུ་པང·ཏི་མོ་ཏིར་འགྲན་མཚམས་འདིའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁོ་ལོམ་པི་ཡའི་མའེ་ཏེ་ལིན་རུ་ཁག་གི་འགྲན་ཞུགས་པ་ཨང197པ་ཨའོ་ཁན་པོ·ཅི་ལ་ཏུའོ་ཝུའེ་ཁེ་ཏུའོ·ཡ་ལི་ཧང་ཏེ་ལུའོ་ལ་བྱ་དགའ་ཨང་གཉིས་པ་ཐོབ་ལ། ནེའུ་ཙི་ལན་གྱི་ཧེ་ཧྥུའི་ཐའོ་རུ་ཁག་གི་འགྲན་ཞུགས་པ་ཨང44པ་མ་ཆི་ཝུའེ·ལུའུ་ཁེ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

ཉིན8ཀྱི་འགྲན་བསྡུར་དྲག་པོ་བརྒྱུད་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་མཚན་སྙན་མཐོ་ཤོས་དེ“ཚྭ་ཁའི་མཁའ་དབྱིངས་དང་པོའི་མཛེས་ལྗོངས་ཁུལ”དུ་མཇུག་མཐའི་ཨང་རིམ་བསྒྲགས་ཤིང་། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་ཨང81པ་མུའུ་ལུའུ་པུའུ་ལན·ཧེང་ནུའོ་ཁེའི་མཐའ་མའི་དུས་སྐབས་སུ་སྤྱིའི་གྲུབ་འབྲས་ཨང་དང་པོ་ཐོབ་པ་དང་། མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཀྱི་ཨང་དང་པོ་མཚོན་པའི་ཚི་ལེན་སེར་པོ་ཐོབ་ཡོད་ཅིང་། དུས་མཚུངས་སུ་ཁོང་གིས་ཀྱང་མཐའ་མའི་གདོང་མཆོང་གི་སྐར་གྲངས་ཀྱི་མིང་ཐོའི་སྟེང་ལེགས་ཆ་ཐོབ་ནས“མཐའ་མའི་གདོང་མཆོང་གི་རྒྱལ་པོའི”ཚི་ལེན་ལྗང་ཁུ་ཐོབ་པ་རེད། ཁོང་གི་ལས་རོགས་ཡིན་པའི་དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་ཨང84པ་ལཱ་སི་ཐེ་ལི·ལུའུ་ཁར“གྱེན་འཛེག་རྒྱལ་པོའི”ཚི་ལེན་ཁྲ་ཐིག་ཅན་ཐོབ་པ་དང་། མཚོ་སྔོན་ཐེན་ཡིའུ་ཏེ་ཀྲོའུ་ཅིས་རུ་ཁག་གི་འགྲན་ཞུགས་པ་ཨང215པ་སའེ་དབྱི་ཏེ·མོ་ཧན་མོ་ཏེར“ཨེ་ཤེ་ཡའི་ལེགས་ཤོས”ཀྱི་ཚི་ལེན་སྔོན་པོ་ཐོབ་པ་རེད།

undefined

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号