མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་བདུན་པ་ནུབ་མཚོ་གྲོང་རྡལ་ནས་གུང་ཧོ་བར་གྱི་འགྲན་བསྡུར་མཇུག་སྒྲིལ་པ།

ཟླ7པའི་ཚེས15ཉིན། 2023ལོའི“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་བདུན་པ(ནུབ་མཚོ་གྲོང་རྡལ—གུང་ཧོ)མཇུག་སྒྲིལ་ལ། ཛ་དྲག་གི་འགྲན་བསྡུར་བརྒྱུད། མཐར་དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་མུའུ་ལུའུ་པུའུ་ལན་གྱིས་མཐའ་མའི་གདོང་མཆོང་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས། 

ཐེངས་འདིའི་འགྲན་མཚམས་མཇུག་སྒྲིལ་རྗེས། སི་ཕེན་གྱི་པུར་ཀེ་སིBHརུ་ཁག་གི་ཧྥ་ཀུང་ཏེ་སི་ལ་ཚི་ལེན་སེར་པོའི་བྱ་དགའ་ཐོབ་པ་དང་། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་མུའུ་ལུའུ་པུའུ་ལན་དང་ཉི་ཨའེ་ལི་གཉིས་ལ་སོ་སོར་ཚི་ལེན་ལྗང་ཁུ་དང་ཚི་ལེན་ཁྲ་ཐིག་ཅན་གྱི་བྱ་དགའ་ཐོབ། མཚོ་སྔོན་ཐེན་ཡིའུ་ཏེ་གླིང་སྐྱོད་རུ་ཁག་གི་སའེ་དབྱི་ཏེ་ལ་ཡ་གླིང་གི་ཕུལ་བྱུང་ལྕགས་རྟའི་ཁ་ལོ་བ་ཚི་ལེན་སྔོན་པོའི་བྱ་དགའ་ཐོབ། ཚེས16ཉིན། མཇུག་མཐའི་འགྲན་མཚམས་ཏེ་གུང་ཧོ་ནས་ཚྭ་ཁ་བར་གྱི་འགྲན་བསྡུར་དུས་ལྟར་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号