ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་གིས་ཁུལ་ཡོངས་ཀྱི་དགེ་འདུན་པ་སྐོར་ཞིག་སྒྲིག་འཛུགས་བྱས་ནས་མདའ་བཞི་རྫོང་སྒར་ཐོག་དགོན་དུ་བསྐྱོད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགྲེམས་ཁང་དུ་ཡུལ་དངོས་ནས་སློབ་ཁྲིད་བྱེད་སྒོ་སྤེལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་གིས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་སྒྲིག་གཞིར་བཟུང་སྟེ། དགེ་འདུན་པ40ལྷག་ཙམ་སྒྲིག་འཛུགས་བྱས་ནས་མདའ་བཞི་རྫོང་སྒར་ཐོག་དགོན་དུ་བསྐྱོད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགྲེམས་སྟོན་ཁང་དུ་ཡུལ་དངོས་ནས་སློབ་ཁྲིད་བྱེད་སྒོ་སྤེལ།

ཚང་མས་སྒྲོག་འགྲེལ་པའི་གོམ་སྟབས་དང་བསྟུན་ནས། ནན་ཏན་ངང་ཉན་པ་དང་འགྲོ་ཞོར་བལྟས་པས་དགེ་འདུན་པ་ཚོས་གཅིག་སྡུད་དང་བརྒྱུད་རིམ་ལྡན་ལ་གཏིང་ཟབ་པའི་ཡུལ་དངོས་སློབ་ཁྲིད་དང་སེམས་ཁམས་ཀྱི་ཉམས་སད་ཐེངས་གཅིག་དང་ལེན་བྱས་པ་དང་། ལྷག་པར་ཚང་མ་ཨ་འགོག་ཁྲའོ་རོགས་ཀྱི་དུས་སྐབས་སུ་མ་ཕྱག་དགོན་དང་སྒར་ཐོག་དགོན་གྱི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་ཞལ་འདེབས་ཕུལ་ནས་གནམ་གྲུ་སོགས་དངོས་ཟོག་ཉོས་པར་མ་ཟད། ཨ་འགོག་ཁྲའོ་རོགས་ཀྱི་གཡུལ་སར་རྒྱབ་སྐྱོར་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དང་། 1958ལོར་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས། རྒྱལ་སྲུང་བྱ་གཞག་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་བའི་རྒྱལ་གཅེས་སྤྲོ་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྲོལ་རྒྱུན་བཟང་པོ། ཁུལ་ཡོངས་ཀྱི་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་བཙུགས་པའི་མི་སེམས་འགུལ་བའི་བྱས་རྗེས་ཀྱིས་སེམས་འགུལ་ཟབ་མོ་ཐེབས་སུ་བཅུག་ཡོད།

ཚང་མས་མགྲིན་གཅིག་ཏུ། མ་འོངས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་པ་དང་ལྷག་པར་དུ་ཟི་ལིང་ཙོང་ཁ་དགོན་དུ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་དེ་རང་ངོས་ཀྱི་ལོ་རྒྱུས་ཀྱི་ལས་འགན་དུ་བརྩིས་ནས"ཚད་གཞི་བཞི"དང་མཐུན་པའི་དུས་རབས་གསར་པའི་ཆོས་ལུགས་ལས་རིགས་མི་སྣ་ཞིག་བྱེད་པར་བརྩོན་ལེན་ཧུར་ཐག་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号