2024ལོའི་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ་བ།

ཟླ7པའི་ཚེས4ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུ་ཡིས་གཙོ་སྒྲུབ་བྱས་པའི2024ལོའི་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་བྱང་ཁུལ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིར་བདེ་བླག་ངང་མཇུག་སྒྲིལ།

གྲོས་ཚོགས་ཐོག་ལོ་གཅིག་རིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་དང་ཏང་སྲིད་ཡིག་ཚགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་སློབ་སྦྱོང་དཔྱད་ཡིག་བཅས་དང་། དེ་མིན་སྤྱི་ཚོགས་ཁྱབ་ཁོངས་ཁག་ཏུ་བྱུང་བའི་བོད་ཡིག་བརྡ་ཆད་གསར་པ་གཅིག་སྡུད་བྱས་པ་རྣམས་ཚན་ཆུང་གཉིས་སུ་བགོས་ཏེ་ཡང་དང་བསྐྱར་དུ་གྲོས་བསྡུར་བྱས་པ་བརྒྱུད་མཇུག་མཐར་བརྡ་ཆད200ལྷག་ཙམ་གཏན་ལ་ཕབ།

གྲོས་བསྡུར་བྱས་པ་བརྒྱུད་གཏན་ལ་ཕབ་པའི་བརྡ་ཆད་གསར་པ་དག་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་འཚོ་བའི་ཁྲོད་ཡོངས་ཁྱབ་ཏུ་གཅིག་གྱུར་སྒོས་བཀོལ་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། བོད་འབྲེལ་ས་ཁུལ་དུ་ཚད་ལྡན་བོད་ཡིག་བརྡ་ཆད་གསར་པའི་གྲངས་གཞིའི་མཛོད་འཛུགས་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན། 

མཚོ་བྱང་ནི་རླབས་ཆེ་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འཁྲུངས་ས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གལ་ཆེ་བའི་གསར་བརྗེའི་ཉམས་ཞིབ་རྟེན་གཞིའང་ཡིན། དེ་མ་ཟད་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁུལ་ཡིན། དེ་བས་གྲོས་ཚོགས་ཀྱི་བར་གསེང་དུ། མཚོ་བྱང་ས་ཁུལ་གྱི་སྐྱེ་ཁམས་དང་གསར་བརྗེའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་པར་སྤྱད་དེ། ཞིང་ལྗོངས་ལྔ་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་མ་རྡུལ་མཁར་དྲན་གསོ་ཁང་དང་མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་བཅས་སུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཁྲིད།

མ་རྡུལ་མཁར་དྲན་གསོ་ཁང་དུ། རྩ་ཆེའི་ལོ་རྒྱུས་རིག་དངོས་དང་པར་རིས། འདྲ་བརྙན་དཔྱད་གཞི་བཅས་བརྒྱུད་དེ། ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་རང་རྒྱལ་གྱི་མ་རྡུལ་ནུས་པའི་བྱ་གཞག་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེན་དུ་གྱུར་བའི་ཀྱག་ཀྱོག་གི་ལོ་རྒྱུས་དང་སྤྱིར་བཏང་མིན་པའི་ལོ་ཟླ་ལ་རྒྱུས་ལོན་བྱས།

མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་དུ། ཚོགས་ཞུགས་ཆེད་མཁས་པ་དང་ཞིབ་འཇུག་པ་ཚོས་པར་རིས་དངARབརྙན་རིས། སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་སོགས་བརྒྱུད་དེ་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་མྱོང་རྟོགས་བྱས་ཤིང་། མཚོ་སྔོན་པོའི་རང་བྱུང་གི་མཛེས་པ་དང་། སྐྱེ་ཁམས་རིན་ཐང་། རིག་གནས་ཀྱི་ནང་དོན་ཟབ་མོ་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས།

སྨོན་ལམ་མཐོན་པོའི་གསར་བརྗེའི་ཞིབ་འཇུག་རྟེན་གཞི་རུ། སྔོན་བྱོན་པ་ཚོའི་དཀའ་སྤྱད་འབད་འབུངས་ཀྱི་གསར་བརྗེའི་ལོ་ཟླ་དང་། ཏང་ལ་བློ་དཀར་ཞིང་མི་དམངས་ལ་བྱས་རྗེས་བླ་མེད་བཞག་པའི་མཛད་རྗེས་ལ་ཕྱིར་དྲན་དང་མྱོང་རྟོགས་བྱས།

མཇུག་མཐར། ཚོགས་ཞུགས་པ་ཡོངས་ཀྱིས་ཐེངས་འདིའི་བྱེད་སྒོའི་སྒྲིག་འཛུགས་ཚགས་དམ་པ་དང་། ནང་དོན་ཕུན་སུམ་ཚོགས་པས། སློབ་གསོ་མང་དུ་ཐོབ་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་ཟབ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་ཇེ་བརྟན་དུ་ཕྱིན་ལ། རྗེས་ཕྱོགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ལས་དོན་སྒྲུབ་མཁན་གྱི་འགན་འཁྲི་ཕྲག་ཏུ་ལེན་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号