ཤ་བོ་སྐྱབས་ཁུལ་ཨུའི་ཏང་གི་སློབ་གྲྭར་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

   ཟླ4བའི་ཚེས24ཉིན། ཞིང་ཆེན་ཆུ་བེད་ཐིང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཡོང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བར་བསུ་བ་ཞུ་ཆེད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་ཏང་གི་སློབ་གྲྭར་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཝང་ཀྲུང་དབྱི། ཨ་ཁྱུང་། ཚོ་ཅི་ཆང་བཅས་གཞུང་དོན་སྤེལ་བར་ཞུགས།    

   ཁུལ་ཨུའི་ཏང་གི་སློབ་གྲྭར་ཤ་བོ་སྐྱབས་ཀྱིས་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་།   སྙན་ཞུ་ཁང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་བྱས་པ་དང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཡུལ་དངོས་ནས་བསྒྲུབ་རྒྱུར་རྩིས་སྤྲོད་བྱས། ཞིང་ཆེན་ཆུ་བེད་ཐིང་གིས་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་ནི་མཚོ་བྱང་ཁུལ་གྱིས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། ཞིང་ཆེན་ཕྱི་ནང་གི་སློབ་མ་མཚོ་བྱང་དུ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡོང་བའི་མགོ་རྩོམ་ཡག་པོ་ཞིག་ཀྱང་ཡིན་པས། མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཤུགས་རྐྱེན་ཐེབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན། མཚོ་བྱང་ལ་ཏང་གཤིས་སློབ་གསོ་གཉེར་བའི་ལེགས་ཆའི་ཐོན་ཁུངས་ལྡན་པ་དང་། མདེལ་གཉིས་སྐར་གཅིག་དྲན་གསོ་ཁང་དང་། ཀྲུང་གོ་རྡུལ་ཕྲན་མཁར་དེ་སྔའི་རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭའི་ཡན་ལག་བཟོ་གྲྭ18། དེ་སྔའི་མཐོན་པོ་སྒང་མཁའ་དམག་བཅའ་སྡོད་བྱ་ཡུལ་གྱི་གནའ་ཤུལ། མདོ་ལ་རྫོང་ནུབ་ལམ་དམག་དཔུང་གི་དྲན་གསོ་གླིང་། འཇུ་ལག་རྫོང་ཧན་ཐའེ་ཡུལ་དམག མདའ་བཞི་རྫོང་དུས་རབས་ཀྱི་མིག་དཔེ་སྐལ་བཟང་དྲན་གསོ་ཁང་། ནུབ་མཚོ་ཅུན་རྟེན་མཛོད་ཁང་བཅས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་བྱ་བ་སོ་སོ་ཞིབ་ཚགས་ངང་ཡག་པོར་སྒྲུབ་དགོས་ལ། རྩ་འཛུགས་སྡེ་ཁག་དང་ཏང་གི་སློབ་གྲྭས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། སློབ་ཁྲིད་དོ་དམ་དང་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པ། སློབ་གཉེར་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་གསོ་སྦྱོང་ལ་ཕན་འབྲས་བཟང་པོ་ཐོན་པའི་འགན་ལེན་ཏན་ཏིག་བྱ་དགོས། ནོར་སྲིད་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། གློག་ཀླད་དང་གློག་བརྙན་འཕྲུལ་ཆས་སོགས་དགོས་ངེས་ཀྱི་སློབ་ཁྲིད་སྒྲིག་ཆས་ཐག་གཅོད་བྱེད་དགོས་པ་དང་། སློབ་ཁྲིད་ཐོག་ཁང་གི་སྒོ་འགྲམ་དང་སློབ་གྲྭའི་ཁོར་ཡུག་ལ་དགོས་ངེས་ཀྱི་བཅོས་སྒྲིག་བྱས་ནས་སློབ་ཁང་དང་སྙན་ཞུ་ཁང་། སློབ་མའི་ཉལ་ཁང་། གསང་སྤྱོད་སོགས་གཙོ་གནད་ཁུལ་ལ་དགོས་ངེས་ཀྱི་ཞིག་གསོ་བྱེད་དགོས་པ་དང་། མདའ་བཞི་རྫོང་གིས་སློབ་གྲྭའི་ཕྱི་ནང་དུ་གང་བྱུང་འཛུགས་སྐྲུན་བྱས་པ་གཙང་སེལ་བྱེད་པར་གཞོགས་འདེགས་བྱས་ཏེ། གཙང་ཞིང་གྲལ་དག་པ་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས། མང་ཚོགས་ཚོགས་པའི་ཏང་ཙུའུ་ཡིས་ཏང་གི་སློབ་གྲྭར་ཕྱི་རོལ་ཡུལ་དངོས་ཀྱི་སློབ་ཁྲིད་བྱ་བ་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་ནན་ཏན་བྱེད་པ།  ཆུ་བེད་སྡེ་ཁག་གིས་ཞིང་ཆེན་ཆུ་བེད་ཐིང་གི་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དང་སྦྲེལ་མཐུད་ཞབས་ཞུའི་བྱ་བ་ཡག་པོ་སྒྲུབ་དགོས། ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཞིང་ཆེན་གྱི་ཐིང་དང་ཅུས་དབར་སྦྲེལ་མཐུད་ཡག་པོ་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་དེ་བས་མང་བ་མཚོ་བྱང་དུ་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་སྐུལ་སློང་བྱེད་དགོས། དྲིལ་སྒྲོག་སྡེ་ཁག་གིས་གསོ་སྦྱོང་འཛིན་གྲྭའི་དྲིལ་སྒྲོག་འཕྲིན་སྤེལ་ལ་ཤུགས་བསྣན་ནས་མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པར་བསྟན།

   ཁུལ་ཨུའི་གཞུང་ལས་ཁང་དང་དྲིལ་སྒྲོག ཏང་གི་སློབ་གྲྭ ནོར་སྲིད། སྡོད་ཁང་འཛུགས་སྐྲུན། ཆུ་བེད། ལས་ཁུངས་ལས་དོན། རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གི་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་བཅས་གཞུང་དོན་སྤེལ་བའི་བྱེད་སྒོར་ཞུགས།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号