མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།


   ཟླ6པའི་ཚེས7ཉིན། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཏང་གི་ལོ་རྒྱུས་ཆེད་མཁས་པ་ཀྲུག་ཀྲུང་ཡུས་གདན་དྲངས་ནས《ཐོག་མའི་བསམ་འདུན་ནམ་ཡང་འགྱུར་བ་མེད། ལོ་རྒྱུས་ཀྱི་ལམ་བུར་སྐྱོ་ཞིང་བརྗིད་ཉམས་ལྡན།》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པས་ཆེད་དོན་འཆད་ཁྲིད་ལ་ཉན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཧུང་ཀྲན་གྱིས་གཙོ་སྐྱོང་གནང་།

   ཀྲུག་ཀྲུང་ཡུས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་ནུབ་ལམ་དམག་དཔུང་གི་ལོ་རྒྱུས་བྱས་རྗེས་དང་བསམ་པའི་དོན་སྙིང་སོགས་ཕྱོགས་ལྔའི་ཐད་ནས་ཚང་མར་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། ཚོགས་ཞུགས་མི་སྣས་འཆད་ཁྲིད་ཀྱི་ནང་དོན་རྒྱ་ཆེ་ཞིང་གསུང་ལ་སྙན་ཆ་ལྡན་པ། དབྱེ་ཞིབ་གཏིང་ཟབ་བཅས་ཡིན་པས་མཚོ་བྱང་ཁུལ་གྱིས་མ་འོངས་པའི་ནུབ་ལམ་དམག་གི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་། ནུབ་ལམ་དམག་དཔུང་གི་སྙིང་སྟོབས་རྒྱུན་འཛིན། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ནུབ་ལམ་དམག་དཔུང་ལ་རོགས་རམ་བྱས་པའི་བྱས་རྗེས་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ལ་བློ་རྒྱ་ཕྱེས་ཤིང་སྣེ་ཁྲིད་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བསྟན།

   ཚོགས་འདུའི་ཐོག་མཚོ་བྱང་ནི་དམར་དམག་ནུབ་ལམ་དམག་གིས་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་དམག་འཐབ་བྱེད་མྱོང་བའི་ས་ཆ་ཞིག་དང་སྔོན་གཤེགས་དཔའ་བོའི་ཁྲག་དྲོན་གཏོར་བའི་གསར་བརྗེའི་གནས་མཆོག་ཅིག་ཡིན་ལ། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་གནས་པའི་ས་གཞི་ཞིག་ཀྱང་ཡིན་པས། ང་ཚོས་དམར་དམག་ནུབ་ལམ་དམག་གི་སྙིང་སྟོབས་ལ་ཞིབ་འཇུག་དང་གསར་སྐྲུན། བེད་སྤྱོད་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། ཕུལ་བྱུང་ས་ཁོངས་ཀྱི་རིག་གནས་བཅས་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱ་དགོས་ལ། མཚོ་བྱང་རང་ངོས་སུ་འདུས་པའི་ཕུན་སུམ་ཚོགས་པའི་བསམ་པའི་སྙིང་སྟོབས་སྔོག་འདོན་གང་ཐུབ་བྱས་ནས་མཚོ་བྱང་གི་ཁྱད་ཆོས་མངོན་གསལ་དོད་པའི་སྙིང་སྟོབས་ཀྱི་བཙན་ས་གཏོད་དགོས་པར་བསྟན།

   ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གསར་བརྗེའི་རིག་གནས་སྔོག་འདོན་དང་གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་གསོ་སྦྱོང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ། གསར་བརྗེའི་ཡུལ་སྐོར་ལམ་ཐིག་གཏོད་པ་བཅས་ཀྱི་བྱ་བར་སྤྱི་འདོམས་ཡག་པོ་བྱེད་དགོས་པ་དང་། གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་མཚོ་བྱང་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་སློབ་གསོའི་གཡུལ་ས་གཙོ་བོ་ཞིག་ངེས་པར་གཏོད་དགོས་པ། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)མཚོ་བྱང་ཁུལ་གྱི་དོན་དངོས་ལ་གཞིགས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། དམར་དམག་ནུབ་ལམ་དམག་གི་སྙིང་སྟོབས། དུས་རབས་ཀྱི་མིག་དཔེའི་སྙིང་སྟོབས་སོགས་གཏིང་ཟབ་པའི་གསར་བརྗེའི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་གླིང་གི་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱ་དགོས་ལ། ནང་དོན་དེ་མིག་སྔའི་དུས་བབ་ཀྱི་བླང་བྱ་དང་མཐུན་པར་འགན་ལེན་བྱས་ནས་མ་འོངས་པར་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་དང་འབྲེལ་མཐུད་བྱས་ཏེ། སྔོན་གཤེགས་དཔའ་བོའི་རྣམ་ཐར་འབྲི་བ་དང་རྒྱལ་ཁབ་ལ་ལོ་རྒྱུས་ཉར་ཚགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ལོ་རྒྱུས་མི་སྣའི་དྲན་གསོའི་ཉིན་མོ་སོགས་ནང་དོན་དུ་བྱས་པའི་རིག་གནས་བྱེད་སྒོ་ཧུར་ཐག་སྒོས་སྤེལ་ནས་དྲིལ་སྒྲོག་སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་ལ། དེ་དང་ཆབས་ཅིག“གསར་བརྗེའི་རིག་གནས་འཆད་སྟེགས”བཙུགས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་རིག་གནས་སློབ་གསོ་དང་དྲིལ་སྒྲོག་གི་ཐོན་ཁུངས་ཞབས་ཞུ་མཁོ་འདོན་བྱས་ཏེ། གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་རིག་གནས་མི་སེམས་ལ་འཇོག་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། འབྲེལ་ཡོད་སྤྱི་ཚོགས་ཚན་རིག་ལས་ཁུངས་དང་དྲིལ་སྒྲོག་སྡེ་ཁག་གིས་གསར་བརྗེའི་གཏམ་རྒྱུད་འབྲི་བ་དང་། གསར་བརྗེའི་གཏམ་རྒྱུད་ཀྱི་བརྙན་ཕབ་སྒྲིག་བཟོ། གསར་བརྗེའི་གཏམ་རྒྱུད་ཀྱི་རི་མོ་འབྲི་བ། ལྗོངས་རྣམ་ཏང་གི་སློབ་ཚན་སྒྲིག་འགོད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དམར་དམག་ནུབ་ལམ་དམག་གི་སྙིང་སྟོབས་སོགས་གསར་བརྗེའི་རིག་གནས་དྲིལ་སྒྲོག་སློབ་གསོའི་ཁྱབ་འགྱེད་ནུས་པ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་དགོས། གསར་འགྱུར་སྨྱན་སྦྱོར་སྡེ་ཁག་སོ་སོས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དམ་འཛིན་བྱས་ནས་སྦྲེལ་དྲ་དང་། སྨྱན་སྦྱོར། རྒྱང་སྒྲོག་བརྙན་འཕྲིན། ཚགས་པར་དང་དུས་དེབ་སོགས་ཀྱི་སྟེགས་བུ་བརྒྱུད། རྣམ་པ་མི་འདྲ་བའི་ཆེད་དོན་བརྙན་ཐུང་དང་དྲིལ་སྒྲོག་བརྙན་ཐུང་། ཡི་གེ་པར་རིས་བཅས་པར་ལེན་དང་བརྒྱུད་སྤེལ་བྱས་ཏེ། གསར་བརྗེའི་རིག་གནས་སློབ་གསོ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྙན་གྲགས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号