མཚོ་བྱང་ཁུལ་ཨུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ། 

ཤ་བོ་སྐྱབས་དང་བསོད་དོན་འགྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།

ཟླ6པའི་ཚེས12ཉིན། མཚོ་བྱང་ཁུལ་ཨུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་ནུབ་མཚོ་གྲོང་རྡལ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་བསོད་དོན་འགྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཨེ་ཁྲུང་རུང་དང་མཉམ་དུ《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧན་ཧྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།


ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་སྒྲིག་གཞི་མཐོ་ཤོས་ཤིག་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་རྒྱུན་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་བྱ་བ་གཏིང་ཟབ་སྤེལ་བའི“བློ་འདོན་ཚོགས་པ”དང“བསམ་བློའི་མཛོད”ཅིག་རེད། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མཚོ་བྱང་ཁུལ་གྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་དང་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་སྔོག་འདོན་ལེགས་སྒྲིག ནུབ་མཚོ་ཅུན་སོགས་གནའ་གྲོང་གི་ལོ་རྒྱུས་དཔྱད་གཞི་སྔོག་འདོན། ཁུ་ནུའི་རིག་གནས་དང་སྨོན་ལམ་མཐོན་པོའི་གསར་བརྗེའི་རིག་གནས་སྔོག་འདོན་སོགས་ཀྱི་ཐད་ཆེད་ལས་ཀྱི་མཛུབ་ཁྲིད་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་གསར་སྤེལ་དང221རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད། “མདོ་ལ་རི་བོའི་གསར་བརྗེའི་རྟགས་མཚན”དྲན་གསོ་ཁང་འཛུགས་སྐྲུན་སོགས་ཐད་རིག་སྟོབས་དང་ཤེས་ལྡན་པ་སྔར་བས་མང་བའི་རྒྱབ་སྐྱོར་བྱས་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་དམིགས་ཚད་ལ་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་རེ་བ་ཡོད་པར་བསྟན་ལ། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་པར་གདན་འདྲེན་ཞུས།


བསོད་དོན་གྲུབ་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། མཚོ་སྔོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་བསམ་པའི་བཙན་ས་གསར་པ་ཞིག་ཀྱང་རེད། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས“ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། མཐུན་སྦྱོར་གསར་གཏོད། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་གཞིར་བཟུང་། རིམ་མཐོའི་རིག་མཛོད་ཀྱི་ལེགས་ཆ་དང་མཚོ་བྱང་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ཟུང་འབྲེལ་བྱས་ཏེ། ཆུ་ཚད་མཐོ་བའི་ཐབས་ཇུས་བློ་འདྲི་བྱེད་པ་དང་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རིམ་པ་མཐོ་བའི་རིག་གཞུང་གླེང་སྟེགས་གཏོད་པ་སོགས་ཀྱི་ཐད་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་ནན་གྱིས་བསྟན། 


དེའི་རིང་། བསོད་དོན་འགྲུབ་འཁོར་དང་བཅས་པས་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་དང་། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ལ་ལྟ་སྐོར་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲེང་དང་ལྷན་དུ་སྨོན་ལམ་མཐོན་པོ་དང་། ཞབས་དྲུང་སྒར་ཐོག མཱ་ཕྱག་དགོན། རྐང་ཚ་རྫོང་སོགས་སུ་བརྟག་ཞིབ་བྱེད་སྒོ་སྤེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号