ཤ་བོ་སྐྱབས་ཀྱིས་ཡོན་ཧྲི་ཝུའུ་ཞང་ཕིང་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་བྱས།


ཟླ6པའི་ཚེས13ཉིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཚན་རིག་ཁྱབ་གདལ་སྙན་ཞུ་ཚོགས་པས་མཚོ་བྱང་ཁུལ་དུ་ཚན་རིག་ཁྱབ་གདལ་སྙན་ཞུའི་བྱེད་སྒོ་སྤེལ། དེའི་རིང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཡོན་ཧྲི་ཝུའུ་ཞང་ཕིང་འཁོར་དང་བཅས་པར་མཇལ་འཕྲད་གནང་བ་དང་ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་བྱས།


ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཡོན་ཧྲི་ཝུའུ་ཞང་ཕིང་འཁོར་དང་བཅས་པས་མཚོ་བྱང་དུ་ཚན་རིག་ཁྱབ་གདལ་གྱི་སྙན་ཞུའི་བྱེད་སྒོ་སྤེལ་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ལྷག་པར་དུ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་གནས་ཚུལ་སོགས་ངོ་སྤྲོད་གནང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ནི“ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ”ཡིན་ལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་བྱ་ཡུལ་ཞིག་ཀྱང་ཡིན་པར་མ་ཟད། ཡོན་ཧྲི་ཝུའུ་ཞང་ཕིང་གི་ཞིབ་འཇུག་ཁ་ཕྱོགས་དང་ཟུང་འབྲེལ་གྱིས་སྨོན་ལམ་མཐོན་པོ་རུ་ཉིན་མོར་ཏུའུ360ཡི་མཛེས་ལྗོངས་ལ་ལྟ་བ་དང་མཚན་མོར་དགུ་ཚིགས་ལ་ལྟ་ཐུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་གནད་ཐོག་ངོ་སྤྲོད་བྱས།


ཡོན་ཧྲི་ཝུའུ་ཞང་ཕིང་གིས་རང་གི་ཆེད་ལས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་གནམ་རིག་བྱ་གཞག་གི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་། སྨོན་ལམ་མཐོན་པོ་ནས་ཉིན་མོར་མཚོ་སྔོན་པོར་ལྟ་བ་དང་མཚན་མོར་སྐར་ཚོགས་ལ་ལྟ་བའི་ནུས་པའི་ངེས་གནས་ལ་ཁས་ལེན་གང་ལེགས་བྱས་ཏེ། སྨོན་ལམ་མཐོན་པོའི་ས་བབ་མཐོ་ཚད་སྨི4024ཡིན་པ་དང་། རྒྱུན་པར་གྲང་ངར་ཆེ་ལ་རླུང་ཆེན་གཡུག་པ། ཐན་པ་ཆེ་ཞིང་ཆར་ཆུ་དཀོན་པ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཀྱི་རྨང་གཞིའི་ཆ་རྐྱེན་་ཕུལ་བྱུང་གནམ་རིག་སྡིངས་ཁང་དུ་འགྱུར་བའི་གཞི་རྩའི་ཆ་རྐྱེན་འཛོམས་ཡོད་པའི་ངོས་འཛིན་བྱས། ཁོང་གིས་མཚོ་བྱང་ཁུལ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སྨོན་ལམ་མཐོན་པོ་རུ་གནམ་རིག་ལྟ་དཔྱད་ཚད་ལེན་གྱི་གནས་ཡུལ་འདེམས་པ་དང་རྩད་ཞིབ་ཚད་ལེན། འཆར་འགོད་བརྟག་ཞིབ་བཅས་ཀྱི་བྱ་བ་སྤེལ་འདོད་ཡོད་པར་བསྟན།


ཤ་བོ་སྐྱབས་ཀྱིས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱ་བ་སོ་སོ་ལན་ཧུར་ཐག་བརྒྱབ་ནས་ཡོན་ཧྲི་དང་ཆེད་མཁས་པ་རྣམས་མཚོ་བྱང་དུ་བརྟག་དཔྱད་རྟོག་ཞིབ་བྱེད་པར་གདན་དྲངས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་ངེས་པ་དོན་གྱིས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ལ། ཆེད་མཁས་པ་གཞན་དག་གིས་ཆེད་ལས་དེའི་ཞིབ་འཇུག་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་མཉམ་ལས་ཀྱི་ཁ་ཕྱོགས་དང་བསམ་འཆར་བཏོན།

ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་སོགས་འབྲེལ་ཡོད་མགོ་ཁྲིད་མཇལ་འཕྲད་ཚོགས་འདུའི་ནང་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号