གསར་གཏོད་འཕེལ་རྒྱས་ལ་བརྟེན་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་རྣམ་པ་གསར་པ་གཏོད་དགོས།

མཚོ་བྱང་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་ཚན་ཆུང་གི་བགྲོ་གླེང་ཟུར་བཀོད།


ཉིན་ཤས་རིང་། ཧྲན་ཏུང་ཤེས་ལྡན་མི་སྣ་འཕེལ་རྒྱས་སྡེ་ཚོགས་ཐའེ་ཧྲན་མཐོ་རིམ་དོ་དམ་ཉམས་ཞིབ་ཁང་དུ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་ཐོག ཁུལ་དང་རྫོང་གི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་པ། ཁུལ་དང་རྫོང་གི་ཕུལ་བྱུང་སྐད་འཕྲིན་སྤྱི་སྟེགས་དང་བརྙན་སྟེགས་ལས་སྒྲུབ་མི་སྣ49གསོ་སྦྱོང་ནང་ཞུགས་ཏེ་ཚན་ཆུང་བགོས་ནས་བགྲོ་གླེང་བྱས།


བགྲོ་གླེང་བྱེད་རིང་སློབ་མ་ཚོས་གསོ་སྦྱོང་གི་ནང་དོན་དེ་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་མཉམ་སྤྱོད་བྱས་པས། ཚན་ཆུང་གི་གྲོས་བསྡུར་ལ་སྤྲོ་སྣང་ཆེན་པོ་ལྡན་པར་བྱས།

ཐེངས་འདིར་གསོ་སྦྱོང་ལ་ཞུགས་པ་དེས་རང་ཉིད་ལ་ཕན་པ་ཆེན་པོ་སྐྲུན་པ་དང་། ཕྱིར་ལོག་རྗེས་སྦྱངས་པའི་ཤེས་བྱ་རྣམས་ལག་ལེན་ཁྲོད་སྤྱོད་དགོས་པ་དང་། སྡེ་ཁག་གི་སྤྱི་སྟེགས་ཡག་པོ་གཉེར་ནས་མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་ཁུལ་བཟོ་ལས་དང་ཆ་འཕྲིན་ཅུས་ཀྱི་ལས་བྱེད་པ་མཱ་ཞིན་གྱིས་བཤད།

རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་བྱེད་པ་མ་ཧུང་ཅུན་གྱིས་ཐེངས་འདིའི་གསོ་སྦྱོང་དེ་ཞང་གྲོང་སྲིད་དོན་སྐད་འཕྲིན་སྤྱི་སྟེགས་ཀྱི་གཞི་རྩའི་འགན་ནུས་ཀྱི་ངེས་གནས་དང་ཧ་ཅང་འཚམ་པོ་ཡོད། ཕྱིར་ལོག་རྗེས་ཐེངས་འདིའི་གསོ་སྦྱོང་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་གྱི་དྲིལ་སྒྲོག་འོས་སྦྱོར་ལས་སྟེགས་ཇེ་ལེགས་སུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་གསལ་པོ་བཟོས་ཏེ་སྲིད་ཇུས་འགྲེལ་བཤད་དང་དྲིལ་སྒྲོག་བྱ་བ་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད།


འཇུ་ལག་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་ཧྲིན་ཞིན་གྱིས་ཏང་སྲིད་སྨྱན་སྦྱོར་གསར་འགྱུར་ལས་སྒྲུབ་པ་ཞིག་ཡིན་པའི་ངོས་ནས་སྨྱན་སྦྱོར་གསར་པའི་དྲིལ་སྒྲོག་གི་གཡུལ་ས་གཙོ་བོ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་དང་བྱ་བའི་བྱང་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་གི་འདུ་ཤེས་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

མདའ་བཞི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་མ་ཝུན་ཧྥང་གིས་མ་འོངས་པའི་བྱ་བའི་ནང་སྤྱི་བདེའི་དྲིལ་སྒྲོག་བྱ་བའི་བླང་བྱ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས། སྤྱི་བདེའི་དྲིལ་སྒྲོག་བྱ་བ་ཡག་པོར་སྒྲུབ་རྒྱུ་ཡིན་ཞེས་བཤད། 

མདོ་ལ་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ཀྲུའུ་རིན་ཅ་ལི་ཅོན་གྱིས་མ་འོངས་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་ཁྲོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན། གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་གཏོང་སོགས་ཐད་དྲིལ་སྒྲོག་དང་འཕྲིན་སྤེལ་ཡག་པོ་བྱེད་དགོས་ཞེས་བཤད།

ཚང་མས་གཏམ་བཤད་སྐབས་ཏང་གིས་གསར་འགྱུར་ལ་དོ་དམ་བྱེད་པའི་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་རང་རྟོགས་ལ་སྔར་བས་ཤུགས་སྣོན་པ་དང་། ལེགས་བཅོས་གསར་གཏོད་བྱེད་ཕོད་པ། རྒྱུན་ཆད་མེད་པར་རང་ཉིད་མཐོར་འདེགས་དང་རང་ཉིད་འཐུས་ཚང་དུ་གཏོང་བ། དར་ཆ་མཐོན་པོར་སྒྲེང་བ། རླབས་ཆེན་གྱི་དུས་རབས་ཟིན་ཐོར་འགོད་པ། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ། མཚོ་བྱང་གི་སྐད་སྒྲ་ཡག་པོ་བརྒྱུད་སྒྲོག་བཅས་བྱས་ཏེ། “མཚོ་བྱང་ལྔ”འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་དང་བསམ་བློའི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号